69483
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། སྡེ་དགེའི་དབོན་རྒྱུད་ཆོས་བློན་རྒྱ་འགུ་ཚང་སར། རབ་བྱུང་བཅུ་བཞི་པའི་ཆུ་བྱི་ ༡༨༥༢ ལོར་འཁྲུངས། རྒྱལ་དབང་ཀར་འབྲུག་ཡབ་སྲས་ནས་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང༌། རིམ་གྱིས་གདན་སར་སྤྱན་དྲངས་ནས་རྗེ་གོང་མའི་བཞུགས་ཁྲི་ལ་མངའ་གསོལ། རྒྱལ་དབང་འབྲུག་ཆེན་དགུ་པའི་ཞབས་དྲུང་དུ་ཕེབས་ནས། རང་ལུགས་འབྲུག་པའི་དབང་ཆོས་སྤྱི་དང༌། ཕྱག་ཆེན་དང་ཆོས་དྲུག་སོགས་ཀྱི་མན་ངག་རྣམས་སྨར་ཁྲིད་དུ་གསན་ནས་ཐུགས་ཉམས་སུ་བསྟར། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་མདུན་ནས་ཤེས་བྱ་ཀུན་ཁྱབ། ཟབ་མོ་ནང་དོན། གཞུང་ཆུང་གཉིས་སོགས་དབང་ལུང་ཁྲིད་མང་པོ་གསན། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་བྱམས་མགོན་སི་ཏུ་རིན་པོ་ཆེ་སོགས་བླ་མ་མང་པོ་བསྟེན་ནས། ཐུན་མོང་རིག་གནས་ནས་ཐུན་མིན་གསང་ཆེན་རྡོ་རྗེ་ཐེག་པ་ལ་ཐུག་གི་བར་གསན་བསམ་མཛད་པས་མཁས་གྲུབ་ཆེན་པོར་གྱུར། མཆོག་གྱུར་བདེ་ཆེན་གླིང་པས་ཆོས་བདག་ཏུ་ལུང་བསྟན། གུ་རུའི་དུས་ཆེན་ཚེས་བཅུ་ཆེན་མོ་གསར་འཛུགས་མཛད་པ་སོགས་མཛད་པ་རྒྱ་ཆེ། རྒྱལ་དབང་ཀར་འབྲུག་རྣམ་གཉིས་ཀྱི་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ་བས། ཀར་འབྲུག་རྣམ་གཉིས་ནས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་གཟེངས་བསྟོད། གདུལ་བྱར་གྱུར་པ་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་རིས་མེད་དུ་བསྐོར་ཅིང༌། བསྟན་འགྲོའི་དོན་མཛད་བཞིན་པར་གདུལ་བྱ་བསོད་ནམས་དམན་པའི་ངོར། དགུང་ལོ་སོ་དགུ་པ་ལྕགས་སྟག་ ༡༨༩༠ ལོར་རབ་ཞིའི་དབྱིངས་སུ་སྙོམས་པར་ཞུགས་སོ། ། |