69484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛི་སྒར་བདུན་པ་བསྟན་འཛིན་དཔལ་བཟང་ (1)
Part of speech མིང་ཚིག
Definition ཁོང་ནི། གཙང་རྟ་ནག་ཚང་དུ་རྗེ་ཀརྨ་པའི་དབོན་རིགས་སུ་རང་བྱུང་བཅོ་ལྔ་པའི་ཆུ་འབྲུག་ ༡༨༩༢ ལོར་འཁྲུངས། ཀརྨ་པ་མཁའ་ཁྱབ་རྡོ་རྗེས། གོང་མའི་རྣམ་འཕྲུལ་དུ་ངོས་འཛིན་གནང་ཞིང༌། མཚན་ཀརྨ་ངག་དབང་ངེས་དོན་བསྟན་འཛིན་བཤད་སྒྲུབ་ཆོས་ཀྱི་ཉི་མ་དགེ་ལེགས་དཔལ་བཟང་པོ་ཞེས་གསོལ། རྗེ་དེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་དང་གདམས་ངག་ཀྱང་རིམ་པར་ཕོག གདན་ས་ཆེན་པོར་སེང་ཁྲི་ལ་མངའ་གསོལ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་དང༌། ཀརྨའི་མཁན་རྒན་རིན་ཆེན་དར་རྒྱས་སོགས། སྐྱེས་བུ་དུ་མ་བསྟེན་ནས་མདོ་རྒྱུད་རིག་གནས་ཅི་ཡང་གསན། འབྲུག་པ་བཅུ་པའི་མདུན་ནས། དཀྱིལ་ཆོག་རྡོར་ཕྲེང༌གི་གཙོས་པའི་དབང་དང་། བཀའ་འབུམ་རྣམས་ཀྱི་ལུང་ཁྲིད་སོགས། སྨིན་གྲོལ་གྱི་རིམ་པ་མང་པོ་གསན། ཐུགས་ཡིད་གཅིག་ཏུ་འདྲེས། རྗེ་དེས་ཁམས་སྡེ་དགེ་རྒྱ་གུ་ཚང་གི་གཞིས་རྣམས། འཛི་སྒར་དགོན་པའི་མཆོད་གཞིས་སུ་གོང་ས་བཅུ་གསུམ་པ་མཆོག་ལ་སྙན་ཞུ་ཕུལ་བར་བརྟེན། ཞལ་བཞེས་ཐོབ་ཅིང་གསོལ་རས་བྱུང༌། རྒྱལ་དབང་འབྲུག་པ་དྲུག་པའི་དུས་ནས་བཟུང་སྐུ་ཕྲེང་རིམ་བྱོན་རྣམས་བླ་སློབ་རེས་མོས་ཀྱིས་དམ་ཚིག་གཅིག་འདྲེས་སུ་གྱུར། རྒྱལ་དབང་ཉིད་སྐུ་འཚོ་གཞེས་དུས། གདུང་སྲས་ཡུམ་གྱི་མངལ་དུ་བཞུགས་སྐབས་ནས་རྗེ་འདི་ལ་གནང་ཞིང༌། ཞི་བར་གཤེགས་དུས་ཐུགས་ཀྱི་གོང་བུ་ཡང་རྗེ་འདི་ཉིད་ཀྱི་པང་དུ་བབ་པར་གྲགས། གོང་ས་བཅུ་གསུམ་པ་དང་ཐུགས་ནང་གཤིན་པར་གྱུར་ཏེ། དབྱིངས་ས་ནས་གོ་སའི་ཤེལ་ཐམ་དང༌། དམིགས་བསལ་ལམ་ཡིག་སོགས། ཁམས་ཀྱི་ཀར་འབྲུག་བླ་ཆེན་གཞན་ལ་མེད་པ་བྱུང༌། དེ་བཞིན་ཀརྨ་པ་མཆོག་ནས་ཀྱང་ཆེན་པོར་འོས་པའི་ཡོ་བྱད་འཛིན་ཆོག་པའི་གཟེངས་བསྟོད་མཛད། ལྷོ་འབྲུག་རྒྱལ་རབས་གཉིས་པའི་དབུ་བླར་གདན་འདྲེན་ཞུས་པ་བཞིན། ཀྲོང་གསར་ཆོས་འཁོར་རབ་རྩེར་ཞབས་པད་བཀོད་དེ། རྗེ་འབངས་ཡོངས་ལ་དཀྱིལ་ཆོག་རྡོར་ཕྲེང་སོགས། སྨིན་གྲོལ་བདུད་རྩིའི་ཆོས་ཆར་ཕབ་པས། ཆོས་རྒྱུན་ད་ལྟའི་བར་དུ་བྱུང༌། ཤར་ཕྱོགས་བཀྲ་ཤིས་ཡང་རྩེ་སོགས་སྒྲུབ་གནས་རྣམས་སུ་ཡང་ཕེབས་ཏེ། ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་བསྐྱངས། དད་ལྡན་གྱི་དངོས་རྫས་བསོད་ནམས་ཀྱི་ཞིང་དུ་སྤེལ་བའི་སླད། མདོ་ཁམས་ཕྱོགས་སུ་གཙུག་ལག་ཁང་དང་རྟེན་གཙོ། ཐུབ་ཆེན་དཔེ་ཟླ་དང་བྲལ་བ་གསར་དུ་བཞེངས། དཔལ་ལྡེམ་ཆེན་གཡུ་རུའི་སྒྲུབ་སྡེ་དང༌། མདོ་སྔགས་རིག་པའི་འབྱུང་གནས་སུ་གྱུར་པའི་བཤད་གྲྭ་གསར་འཛུགས་མཛད། གདན་ས་གསང་གླིང་དུ་འབུལ་ཆེན་ཐེངས་མང་དང༌། ལོ་རི་སྐུ་ཕྲེང་བདུན་པ་ངོས་འཛིན་དབུ་འདྲེན་གནང་བས་མཚོན། དགོན་མ་ལག་ཐམས་ཅད་ཀྱང་ཚུལ་བཞིན་གཟིགས་རྟོག་གནང་ཞིང༌། མདོར་ན་ཆོས་འདུལ་བའི་བཅའ་ཁྲིམས། གཞི་གསུམ་གྱི་ཕྱག་ལེན། སྤྱི་སྒེར་གྱི་ནང་ཁྲིམས། བཤད་སྒྲུབ་ལས་གསུམ་གྱི་བྱ་བ་སོགས། ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་བསྟན་པར་མཛད་རྗེས་འགྲན་ཟླ་མ་མཆིས་པར་སྐྱོང་བཞིན་པར། དགུང་གྲངས་ཞེ་དྲུག་པ་མེ་གླང་ ༡༩༣༧ ལོར་ཞི་བར་གཤེགས་སོ། །སློབ་མའི་གཙོ་བོ་ནི། འཛི་སྒར་ཐུགས་སྲས་རིན་པོ་ཆེ་དང༌། ཆོས་སྐྱོང་དཔལ་དགའ་སྤྲུལ་སྐུ། རྒྱལ་སྲས་པདྨ་དབང་དྲག་སོགས་ཡིན་ནོ། །

{{#arraymap:འཛི་སྒར་བདུན་པ་བསྟན་འཛིན་དཔལ་བཟང་

|; |@@@ | | }}