69491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛི་སྒར་སྒྲུབ་དཔོན་སངས་རྒྱས་ཕྲིན་ལས་ (1)
Part of speech མིང་ཚིག
Definition འཛི་སྒར་སྒྲུབ་དཔོན་བླ་མ་མཁས་གྲུབ་སངས་རྒྱས་ཕྲིན་ལས་མཆོག་ནི། ཁམས་འཛི་སྒར་སྒྲིས་སྟོད་ནོར་ཆུང་དུ། ཡབ་ཚེ་དབང་མཆོག་གྲུབ་དང༌། ཡུམ་ཚེ་རིང་ལྷ་སྐྱིད་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ ༡༩༣༣ ལོར་སྐུ་བལྟམས། འཛི་སྒར་བདུན་པས་མཚན་སངས་རྒྱས་ཕྲིན་ལས་གསོལ། གཙུག་ཕུད་ཕུལ་སྐབས་ཤེས་བྱ་རབ་རྒྱས་བསྩལ། དགུང་ལོ་ལྔ་པར་རྫོང་རྒྱལ་ཆོས་དཔལ་གྱི་མདུན་ནས་ཀློག་བསླབས་པས། ཐུགས་སྟོབས་ཆེ་བས་ཉིན་གསུམ་ལ་བྱང་ཆུབ། བཅུ་དྲུག་ལ་འཛི་སྒར་ཚོགས་སྒྲིགས་སུ་ཞུགས། བློ་འཛིན་དགོས་རིགས་ལོ་གཅིག་གི་ནང་དུ་རྫོགས་པས། ཀུན་ངོ་མཚར་ཅིང་དེ་སྔོན་དགོན་པར་བྱུང་མྱོང་མེད་པར་གླེང་། ཕྱག་བཞེས་དང་གར་སྟབས་རྣམས་ཀྱང་མྱུར་བར་ཐུགས་སུ་ཆུད། བཅོ་བརྒྱད་ལ་འཛི་སྒར་བཤད་གྲྭར་ཞུགས་ཏེ། མཁས་གྲུབ་དམར་གཡང་ཆོས་མཆོག མཁན་པོ་མི་འགྱུར། མཁན་པོ་མཁས་གྲུབ། མཁན་པོ་དྲི་མེད། མཁས་གྲུབ་ཀརྨ་ཚེ་བརྟན། འབྲུག་པ་སྤྲུལ་སྐུ། མཁན་པོ་ནོར་གཡང་སོགས་ཀྱི་མདུན་ནས། མདོ་སྔགས་གཞུང་ཆེན་སོགས་ལ་གསན་བསམ་མཛད། ཐུགས་སྲས་རིན་པོ་ཆེ་མཆོག་གི་མདུན་ནས། སྨིན་གྲོལ་གྱི་གདམས་པ་ཟབ་མོ་མནོས་པས། རྩ་བའི་བླ་མར་འཛིན། ཉེར་གཅིག་ལ་རྒྱལ་སྤྲུལ་མདུན་ནས། བསྙེན་པར་རྫོགས། བ་ཐར་ཐུབ་བསྟན་མཆོག བོད་པ་སྤྲུལ་སྐུ། རྫོགས་ཆེན་ལྷ་པ་སྤྲུལ་སྐུ་སོགས་ལས་གཞུང་དང་རིག་གནས་རྒྱ་ཆེར་གསན། ཉེར་བདུན་རྒྱ་བོད་དུས་ཟིང་སྐབས། དགོན་པ་རྩ་འཐོར་དུ་སོང་ཀྱང་ཉེས་མེད་གཞིས་སུ་བཞུགས་ཆོག་པ་བྱུང༌། སོ་བརྒྱད་ལ་རྡོ་རང་བླ་མ་ཀརྨ་མདུན་ནས། དགོངས་གཏེར་བཅུད་ལེན་སྐོར་སོགས་གསན་བཞེས་མཛད། ཤིང་བྱི་ ༡༩༨༤ ལོར་གདན་ས་སླར་གསོའི་ཆོག་མཆན་ཐོབ་ནས་དགོན་པར་ཕེབས། མེ་ཡོས་ ༡༩༨༧ ལྡེམ་ཆེན་གཡུ་རུའི་སྒྲུབ་སྡེ་ཐོག་མར་སྒྲུབ་གྲྭ་དབུ་ཚུགས་པ་ནས་བཟུང༌། སྒྲུབ་སྡེ་ཁག་བཅུ་གྲངས་ཀྱི་སྒྲུབ་དཔོན་མཛད། སྒྲུབ་བླ་ཉིས་བརྒྱ་ཙམ་ལ། གདམས་པའི་ཆོས་ཆར་བསྩལ། ཉམས་རྟོགས་ལྡན་པའི་སློབ་མ་མང་། འཛི་སྒར་དང་། གུ་ཕུ། འཇོ་ཕུ། དྷིཿཕུ། སྐྱོག་བྲག་དགོན། འབྲུག་པ་དགོན་སོགས་ཀྱི་གྲྭ་གསར་བརྒྱ་སྟོང་མང་པོར་དགེ་ཚུལ་སློང་གི་སྡོམ་པ་གནང་། དོན་བརྒྱད་ལྕགས་སྟག་ ༢༠༡༠ ལོའི་བོད་ཟླ་དང་པོའི་ཚེས་ཉི་ཤུ་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། །སློབ་མར། རྒྱལ་སྲས་པདྨ་དབང་དྲག་སྐུ་ཕྲེང་བཞི་པ། འཇོ་ཕུ་ལྗང་མེ་བླ་མ། རྟོགས་ལྡན་ཀརྨ་བཀྲ་ཤིས། སྒྲུབ་བརྩོན་མི་ཕམ་བློ་གསལ། འཇོ་ཕུ་སྒྲུབ་དཔོན་དཀར་གཡང༌། ཁམས་སྒར་རྙིང་མ་སྤྲུལ་སྐུ། ཆོས་འཛིན་སྤྲུལ་སྐུ་ཆོས་ཉི། དྷཱིཿཕུ་སྤྲུལ་སྐུ། སྤོས་སྤྲུལ་བསྟན་པའི་རྒྱལ་མཚན། གནམ་འབྲུག་སྒྲུབ་བླ་ཕྲིན་ལས་དང་བློ་བཟང་བརྩོན་འགྲུས། སྟག་ཡག་དགོན་སྒྲུབ་བླ་ཟབ་བསྟན་སོགས་དང༌། གཞན་ཡང་མཁན་པོ་བཀྲ་ཤིས་ཚེ་རྡོར། མཁན་པོ་དངོས་གྲུབ་ཕུན་ཚོགས། མཁན་པོ་འཇམ་དབྱངས་ཉི་མ། མཁན་པོ་སྐལ་བཟང་རྡོ་རྗེ། མཁན་པོ་བསོད་ནམས་རྡོ་རྗེ། མཁན་པོ་ཕུན་ཚོགས་དགེ་ལེགས། སྒྲུབ་བླ་བསོད་དར། མཁས་བཙུན་ཚེ་དབང་གྲགས་པ། སྐུ་མཚམས་པ་སྣང་གསལ་སོགས་དང༌། རྟེན་ཁྱིམ་པའི་རིགས་གདོང་ངེ་ལྷ་རྗེ་འཆི་མེད་དབང་པོ་དང༌། ཨ་ཐམ་ཚང་བསོད་ནམས་དོན་གྲུབ། གཞན་ཡང་གསེར་རྟ་མཁན་སྤྲུལ་འཆི་མེད་རིག་འཛིན་དང༌། ཁྲི་ཚོ་མཁན་པོ་འཇམ་སེང་སོགས་མདོ་དབུས་ཁམས་གསུམ་ནས་དབང་ཆོས་གསན་པ་མང་པོ་བྱུང་ངོ༌། །

{{#arraymap:འཛི་སྒར་སྒྲུབ་དཔོན་སངས་རྒྱས་ཕྲིན་ལས་

|; |@@@ | | }}