69524

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛིན་པ་མྱོང་རྟགས་ (1)
Part of speech མིང་ཚིག
Definition ཇོ་ནང་། སྔགས། རྣལ་འབྱོར་བླ་མེད་རྒྱུད། འཛིན་པ་སྒོམ་པའི་མྱོང་རྟགས་ཏེ། སྲོག་ཐུར་འདྲེས་པའི་རླུང་གི་ཆ་ཤས་དབུ་མའི་ཐིག་ལེར་གསར་དུ་ཐིམ་པའི་དུས་ནས་རེ་ཁ་མཚན་ཉིད་པ་སྔར་ལས་ལྷག་པ་གཏུམ་མོ་འབར་སྣང་དང་འདྲེས་པར་འཆར་བ་དང་སྲོག་ཐུར་འདྲེས་པའི་རླུང་གི་ཆ་ཤས་དབུ་མའི་ཐིག་ལེར་ཐིམ་པ་ཇེ་མང་དུ་སོང་བཞིན་བདེ་བའི་རང་བཞིན་གྱི་སྲོག་ཐུར་འདྲེས་པ་དེ་ཉིད་བློས་བཏགས་པ་ལ་མ་ལྟོས་པར་ལྷ་སྐུ་མཚན་དཔེས་བརྒྱན་པ་ཇེ་མང་དུ་འཆར་ལ། ཁྱད་པར་འཛིན་པའི་ཕྱེད་ཕྱི་མའི་སྐབས་སུ་སྟོང་གཟུགས་དེ་དག་ཉམས་ཤིན་ཏུ་བདེ་བའི་བདག་ཉིད་དུ་སྣང་བས་ན་སྲོག་གཟུགས་ཁྱད་པར་ཅན་འགྲུབ་པ་དང་། རྩ་ཐམས་ཅན་ཀྱི་ནང་གི་ཐིག་ལེ་འགྲོ་འོང་བྱེད་པ་མངོན་སུམ་དུ་མཐོང་ཞིང། དེས་ཕྱིའི་ཟླ་འོད་སོགས་འོད་ཟེར་དཀར་པོའི་མཚན་མ་མཐོང་བ་དང། གཉུག་མའི་ཡེ་ཤེས་ཀྱི་བཞོན་པའི་རླུང་གཞོམ་མེད་ཀྱི་སྒྲར་གྱུར་པ་དང་། རང་ལུགས་ལ་མི་ཤེས་པའི་རླུང་དེ་ཡེ་ནས་སྒྲ་སྐད་ཐམས་ཅད་པའི་གཞོམ་བྱེད་ཀྱི་སྒྲར་གྲུབ་པ་དེའི་ཆ་ཤས་ཅི་རིགས་མངོན་དུ་གྱུར་ཅིང་། འཛིན་པའི་ཕྱེད་ཕྱི་མར་འཕོ་གེགས་འོང་བ་ཡོད་ཀྱང་རླུངས་སེམས་ལ་དབང་ཐོབ་ཕྱིར་འབེབས་སོགས་གཞན་ལ་ལྟོས་མི་དགོས་པར་གསུངས། འདིར་ལས་སྣ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཞི་རྒྱས་ཀྱི་ལས་བསྒྲུབ་པ་ལ་བདེ་བའི་རང་བཞིན་གྱི་སྲོག་གཟུགས་ཀྱི་ལྷ་སྐུ་དེ་ཉིད་སྙིང་གའི་དབུ་མར་དྲངས་ཏེ་མོས་པ་ཙམ་གྱིས་ཐོགས་མེད་དུ་འགྲུབ་པ་དང་། དེ་བཞིན་དུ་དབང་དགུག་ལ་སྲོག་གཟུགས་ཀྱི་ལྷ་དེ་ཉིད་མགྲིན་པའི་དབུ་མའི་ནང་དང་། བསྐྲད་པ་དང་དབྱེ་བའི་ལས་ལ་དཔྲལ་བ་དང་། རེངས་གདབ་རྨོངས་པའི་ལས་ལ་ལྟེ་བ་དང། བསད་ལ་གསང་བ་དང་། གསོ་བའི་ལས་ལ་གཙུག་ཏོར་གྱི་དབུ་མར་སྲོག་གཟུགས་ཀྱི་ལྷ་དྲངས་ནས་མོས་ཙམ་གྱིས་ཐོགས་པ་མེད་པར་བསྒྲུབ་ཚུལ་རྒྱུད་ལས་བཤད་པ་ལྟར་དང་། གཞན་ཡང་ཟད་པར་གྱི་ཏིང་ངེ་འཛིན་དང་ཉེར་འཚེ་ཕྲ་མོ་དུ་མ་གཞོམ་པའི་ལས་སྣ་ཚོགས་འགྲུབ་བོ། །ཞེས་བྱུང་།
Domain ཆོས་ལུགས།

{{#arraymap:འཛིན་པ་མྱོང་རྟགས་

|; |@@@ | | }}