69528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛིན་པའི་དག་བྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དག་བྱེད་འཛིན་པའི་ཡན་ལག་གི་དག་བྱ་དྲུག་སྟེ། ཚོར་བ། མེ་ཁམས། མིག། རོ། ལག་པའི་དབང་བོ། འགྲོ་བ་བཅས་དྲུག་ཡིན་ལ། ཇོ་ནང་ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། སྦྱང་བྱ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྣང་བའི་མ་དག་པའི་ཕུང་ཁམས་སོ་དྲུག་སྟེ། དེས་སྦྱང་གཞི་བདེ་གཤེགས་སྙིང་པོ་དེ་སེམས་ཅན་རྣམས་ལ་བསྒྲིབས་པའོ། །སྒྲིབ་པ་དེ་སྤོང་བྱེད་དམ། སྦྱོང་བྱེད་དམ། དག་བྱེད་ནི་སྦྱོར་བ་ཡན་ལག་དྲུག་གོ ། ཞེས་བྱུང་ངོ་། །
Domain ཆོས་ལུགས།

{{#arraymap:འཛིན་པའི་དག་བྱ་

|; |@@@ | | }}