From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཛིན་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
ཁྱབ་འཇུག་གི་མིང་སྟེ། ལྷ་མ་ཡིན་རྣམས་བཟུང་ནས་བྲག་དང་ས་ལ་བརྡབས་ཏེ་བསད་པས་སོ། །
|
| Type
|
མངོན་བརྗོད།
|
འཛིན་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
ལྷ་ཚངས་པའི་མིང་སྟེ། སྲོག་གི་དབང་པོ་བྱིན་ནས་སེམས་ཅན་འབྱུང་བར་བྱས་པའི་ཕྱིར་རོ།
|
འཛིན་བྱེད་ (3)
| Part of speech
|
མིང་ཚིག
|
| Definition
|
ཉི་མའི་མིང་སྟེ། འོད་ཟེར་འཛིན་པར་བྱེད་པ་སྟེ་འོད་དང་ལྡན་པས་སོ། །
|
འཛིན་བྱེད་ (4)
| Part of speech
|
མིང་ཚིག
|
| Definition
|
ལྕགས་ཀྱུའི་མིང་སྟེ། ཉ་སོགས་འཛིན་པར་བྱེད་པས་སོ། །
|
འཛིན་བྱེད་ (5)
| Part of speech
|
མིང་ཚིག
|
| Definition
|
རིའི་མིང་སྟེ། ས་རྡུལ་འཛིན་པའི་ཕུང་པོ་ཡིན་པས་སོ། །
|
འཛིན་བྱེད་ (6)
| Part of speech
|
མིང་ཚིག
|
| Definition
|
མེ་ཏོག་མ་ལི་ཀའི་མིང་སྟེ། འདིའི་མེ་ཏོག་མཛེས་ཤིང་དྲི་ཞིམ་པས་མི་རྣམས་ཀྱིས་རྒྱན་དུ་འཛིན་པར་བྱེད་པས་སོ།
|
འཛིན་བྱེད་ (7)
| Part of speech
|
མིང་ཚིག
|
| Definition
|
ལག་པའི་མིང་སྟེ། གཟུང་བྱ་གང་ཡང་འཛིན་པས་སོ། །
|
འཛིན་བྱེད་ (8)
| Part of speech
|
མིང་ཚིག
|
| Definition
|
སྲབ་ཀྱི་མིང་སྟེ། རྟ་དྲེལ་སོགས་འཛིན་སྤྱད་ཡིན་པས་སོ། །
|
འཛིན་བྱེད་ (9)
| Part of speech
|
མིང་ཚིག
|
| Definition
|
སྐམ་པའི་མིང་སྟེ། ལྕགས་སོགས་འཛིན་པར་བྱེད་པས་སོ། །
|
འཛིན་བྱེད་ (10)
| Part of speech
|
མིང་ཚིག
|
| Definition
|
མེ་ཕོ་བྱི།
|
| Domain
|
རྩིས་རིག
|