69595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛུལ་ཆོག་རྡོ་རྗེའི་གོ་ཁྲབ་ (1)
Part of speech མིང་ཚིག
Definition བླ་མ་དྲག་པོའི་ལས་ཚོགས་ལས། འཛུལ་ཆོག་རྡོ་རྗེའི་གོ་ཁྲབ། ཅེས་བྱ་བ་སྟེ། གཏེར་གཞུང་ལས། འདི་ནི་མཁའ་འགྲོ་མའི་སྙིང་ཐིག་གོ༔ ༔ཟབ་ཅིང་རྒྱས་བཏབ་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་པའི་དུས་སུ་སྔགས་ནག་སྦྱོར་བས་རང་གཞན་ཕུང་བར་བྱེད་པའི་དུས་འབྱུང་སྐབས། དེ་དག་གི་ཉེས་པ་ལས་སྒྲོལ་བྱེད་ཀྱི་མན་ངག་བསྟན། འདི་ལ་འཛུལ་ཆོག་རྡོ་རྗེའི་གོ་ཆ་ཞེས་ཀྱང་བྱ།

{{#arraymap:འཛུལ་ཆོག་རྡོ་རྗེའི་གོ་ཁྲབ་

|; |@@@ | | }}