69602

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛེང་ (1)
Part of speech མིང་ཚིག
Definition སྨན་རྒྱུར་བཀོལ་ཆོག་པའི་རྡོ་རིགས་ཤིག་གི་མིང་སྟེ། དབྱིབས་དང་ཆེ་ཆུང་ངེས་པ་མེད་ཅིང༌། ཕལ་ཆེར་ཕྱི་ངོས་ཅུང་འཇམ་ཞིང་ཟླུམ་པའི་རྣམ་པ་ཅན། ཁ་དོག་དཀར་གྲོ་གསེར་ཐིག་ཅན། ངོ་བོ་ལྕི་ལ་མཁྲེགས་ཤིང་ཁྲོབ་པ། བཅག་ཁ་མི་སྙོམས་པ་བཅས་ནི་འཛེང་དཀར་ཡིན་པ་དང༌། ཁ་དོག་སྔོ་གྲོ་གོང་མ་ལས་སྲ་མཁྲེགས་ལྕི་ལ། བཅག་ཁ་ཡང་གོང་མ་ལས་ཅུང་ཟད་སྙོམས་ཆེ་བ་འཛེང་སྔོན་ཡིན་ལ། འདི་གཉིས་རྡ་ལ་རི་མོ་བྲིས་ན་ཅུང་ཟད་དཀར་པོ་དོད་པ། བཏུལ་བས་ཕྱེ་མ་དཀར་པོ་འབྱུང་བ། འདི་ཡོད་སའི་ལུང་པའི་ཆུའི་ནང་དུ་གསེར་བྱེ་ཡོད་པ། བཟོ་དབྱིབས་སྣ་ཚོགས་འཆོས་སྟབས་བདེ་བས་སྔ་རབས་པ་རྣམས་ཀྱིས་རས་འཐག་སོགས་བཟོ་བའི་རྒྱུ་བྱེད་པ་དེ་དག་ཡིན་ཏེ། དཀར་པོ་ལ་སྔོ་ཐིག་དང་གསེར་བྱེ་འདྲེས་པ་འབྱུང་བའི་རྡོ་རྒྱུ་ནི། ལྷ་སའི་རྡོ་རིང་གི་རྒྱུ་དེ་ཡིན་ཡང་དེ་ལས་དཀར་ཤས་ཆེ་བའོ། །སྔོན་པོ་ནི་གོང་ལས་སྔོ་ཞིང་དྭངས་པ་ཁ་དོག་ནས་སྔོན་མ་སྨིན་པའི་གསུས་གསར་བཏགས་པའི་ཟན་འདྲ་བ། འདི་གཉིས་ཕ་ལམ་ལྟར་གཡུ་བྱུར་བརྡར་དྲ་ཐུབ་པའོ། །རོ་བསྐ་མངར། ཞུ་རྗེས་ཁ། ནུས་པ་བསིལ་དྲོད་སྙོམས་པས་རྨ་རྙིང་སེལ་ཞིང༌། ཤ་རོ་གཅོད་པར་བྱེད་པ་ཞིག་གོ །

{{#arraymap:འཛེང་

|; |@@@ | | }}

འཛེང་ (2)
Part of speech མིང་ཚིག
Definition བོད་ཀྱི་རིགས་རུས་ཤིག་གི་མིང་།

{{#arraymap:འཛེང་

|; |@@@ | | }}