69662

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འུ་ནི་ (1)
Part of speech ཚབ་ཚིག
Definition ཕ་གིའམ་འདི་ནི་ཞེས་པའི་དོན་ཏེ།
Example ཏུན་ཧོང་གཏེར་ཡིག་ལས། འུ་ནི་བཟླུ་བསླུབ་འི་རི་དྭགས་ཡིན་པས། བསྙག་དུ་མྱི་རུང་སྟེ། འདི་སྙེགས་པ་འི་ཕྱི་ན། ཁྱོད་འཕྲོག་པ་འོང༌། ཞེས་འབྱུང་བ་ལྟ་བུའོ། །
Type བརྡ་རྙིང་།
འུ་ནི་ (2)
Part of speech ཚབ་ཚིག
Definition ང་ནི་ཞེས་པའི་དོན་ཏེ།
Example ཏུན་ཧོང་གཏེར་ཡིག་ལས། བུད་མྱེད་ལས་འདོད་ཞེན་ཆེ་བ་མེད་པས། འུ་ནི་སྙོགས་ཤེས་མཆི་བའི་རིགས། ཞེས་འབྱུང་བ་ལྟ་བུའོ། །