69677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འུ་སུ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་བཏབ་ནས་སྐྱེ་བའི་དྲི་ཞིམ་ཚལ་རིགས་དང་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྨུག་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང༌། སྡོང་པོ་ཕྲ་ལ་རིང་བར་ཡལ་ག་དང་ཡལ་ཕྲན་བཅས་གོ་སྙོད་ཀྱི་དབྱིབས་ལྟར་སྐྱེ་ཞིང༌། ལོ་མ་སྔོ་ལྗང་ཆུང་བ་སྒོང་དབྱིབས་འདྲ་བའི་མཐར་ཉག་ག་གཏིང་རིང་གས་པའི་སྒྲོ་དབྱིབས་མང་ལོའི་ངར་པ་རིང་བ་རེས་རེ་མོས་སུ་སྐྱེ་བ། མེ་ཏོག་དཀར་ལ་ཆུང་བ་འདབ་མ་ལྔ་དང་ལྡན་པ་སྡོང་པོ་དང་ཡལ་གའི་རྩེར་གདུགས་མང་མེ་ཏོག་བང་རིམ་དུ་འཆར་བ། འབྲས་བུ་སྐྱ་སྨུག་གའུ་ཁ་སྦྱར་འདྲ་བ་མགོ་སྦྲེལ་ནས་འདོགས་པ་སྟེ། བོད་ཀྱི་ས་གནས་མང་ཆེ་བར་བཏབ་ན་སྐྱེ་བ། འབྲས་བུ་བོད་ཟླ་བདུན་པ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་སྨན་དུ་སྤྱོད་རྒྱུ། རོ་ཚ་ཞིང་མངལ་ལན་ཚྭ་བ། ཞུ་རྗེས་ཁ་བ། ནུས་པ་ཡང་ལ་རྩུབ་ཅིང་བསིལ་བས་ཕོ་བའི་ནད་དང༌། བད་ཚད་རྒྱས་པ། གླང་ཐབས་ཀྱི་ནད། ཟས་མི་འཇུ་བ། འགགས་པ། སྐོམ་ནད། སིབ་ཐོར་མ་སྨིན་པ་སོགས་སེལ་བ། ཁྱད་པར་སྨུག་པོའི་ནད་ལ་བསྔགས་པ་ཡིན།

{{#arraymap:འུ་སུ་

|; |@@@ | | }}