69710
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་བཀའི་ཐ་རམ་ལས། འུབ་ཆུབ་ཀུན་འདུས་ཀྱི་དགོངས་པའི་རྫོང་ནི༔ གསང་སྔགས་ཀྱི་སྡོམ་རྣམ་པ་བདུན་ཏེ༔ ཆོས་ཐམས་ཅད་ཡེ་ནས་ལྷ་ཡིན་པར་གཏན་ལ་དབབ་པ་དང་༔ ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་ཤིང་༔ ཡེ་ཤེས་རང་སྣང་དུ་གཏན་ལ་དབབ་པ་དང་༔ སྟོན་པ་ཆོས་ཀྱི་སྐུར་རང་བཞིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་གཏན་ལ་དབབ་པ་དང་༔ ཀུན་རྫོབ་གྲུབ་པ་ཙམ་དུ་སྣང་བ་ལྷའི་དཀྱིལ་འཁོར་དུ་གཏན་ལ་དབབ་པ་དང་༔ སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུར་གཏན་ལ་དབབ་པ་དང་༔ བསྐྱེད་རྫོགས་གསུམ་ལྟ་སྤྱོད་ཀྱི་གཏན་ལ་དབབ་པ་རྣམས་ནི་གསང་སྔགས་ཀྱི་དགོངས་པ་ཐམས་ཅད་འདུས་པས༔ འུབ་ཆུབ་ཀུན་འདུན་དགོངས་པའི་རྫོང་ཞེས་བྱའོ༔ ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |