From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འོ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འདི་ཉིད་ཚིག་མཐར་སྦྱར་བས། སྐབས་བབ་ཀྱི་བརྗོད་དོན་དེ་ཉིད་རེ་ཞིག་རྫོགས་པར་སྟོན་པར་བྱེད་པས་རྫོགས་ཚིག་གམ། རྗོད་བྱེད་ཚིག་གང་གི་རྗེེས་སུ་སླར་ཡོང་བའི་ཚིག་གྲོགས་དག་བསྡུ་བར་བྱེད་པས་ན་སླར་བསྡུའང་ཟེར་ཏེ། སྦྱོར་ཚུལ་ནི་མཐའ་མེད་ཀྱི་རྗེས་སུ་འོ་སྦྱོར་བ་ཡིན།
|
| Keyword
|
True
|
| Example
|
བདེའོ། བྱའོ་ལྟ་བུ།
|
འོ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
འདི་ཞེས་པའི་དོན།
|
| Type
|
བརྡ་རྙིང་།
|
འོ་ (1)
| Part of speech
|
འབོད་ཚིག
|
| Definition
|
ཡིད་སྤྲོ་དགའི་ངང་འབོད་པའི་སྒྲ་ཞིག་སྟེ།
|
| Example
|
འོ་ལགས་སོ། འོ་ཡག་པོ་བྱུང༌ལྟ་བུ།
|
འོ་ (1)
| Part of speech
|
མིང་ཚིག
|
| Definition
|
མི་གཞན་པའི་ལུས་ཕུང་གི་ཆ་ཤས་ལ་ཁ་སྦྱར་ནས་བརྩེ་དུང་གི་རྣམ་པ་སྟོན་པའི་བྱ་སྤྱོད་ཅིག་གི་མིང་སྟེ། ཡོངས་གྲགས་ཕན་ཚུན་བརྩེ་དུང་དབང་གིས་ཁ་དང་ཁ་སྦྱར་བ་ལ་ཟེར།
|
| Keyword
|
True
|
| Example
|
དགའ་རོགས་ལ་འོ་བྱས། ཁྱོ་ག་ལ་འོ་ཞིག་སྤྲད་ལྟ་བུ།
|
འོ་ (2)
| Part of speech
|
མིང་ཚིག
|
| Definition
|
འོ་མ་ཡི་ཚིག་བསྡུས་པ་སྟེ།
|
| Example
|
ཞོ་འོ་འཐུང། འོ་རྩམ་ལྟ་བུ།
|