69822

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོ་རྫོང་བློ་བཟང་སྦྱིན་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་སྨད་དུ་འོ་རྫོང་ཕྱོགས་སུ་འཁྲུངས། སྨན་པ་མཁས་པ་མང་པོར་བསྟེན། གསོ་རིག་གཞུང་ལུགས་དང་། རྩིས་གཞུང་བཅས་ལ་ལེགས་པར་བསླབས་། འགྲོ་མང་ནད་ཀྱིས་གདུང་བ་ལས་བསྐྱབས། སློབ་ཚོགས་བསྐྱངས། གསུང་རྩོམ་ནི་རྩིས་གཞུང་སྣང་གསལ་འོད་ཐིག་དང་། དཔྱད་མཆོག་གཏར་ཁ་གདབ་པའི་རྩའི་ངོས་འཛིན་སོགས་གསལ་བར་བཀོད་པ་དྲང་སྲོང་བླ་མའི་ཞལ་ལུང་དཔྱད་ཀྱི་གཅེས་ཕྲེང་བཅས་བཞུགས།