69827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོ་སེ་ཤིང་ (1)
Part of speech མིང་ཚིག
Definition ཤིང་ཞིག་གི་མིང་སྟེ། ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ལ་རྒྱས་ཤིང་ཡལ་ག་མང་བ་དང༌། ཡལ་གའི་ལྡེབས་སུ་ཚེར་མ་སྦོམ་པོ་ཐར་ཐོར་ཡོད་པ། ཤིང་ལྤགས་ཁམ་སྐྱ་དང༌། ཡལ་ཕྲན་གསར་པ་སྔོ་ཞིང་སྨུག་ལ་སྤུ་འཇམ་ཡོད་པ། ལོ་མ་སྒོང་དབྱིབས་ཀྱི་རྩེ་རྣོ་བའི་མཐར་ཉག་ག་སོག་ལེའི་སོ་འདྲ་བ་ཞིབ་མོ་ཡོད་པ་རེས་རེ་མོས་སུ་སྐྱེ་བ། མེ་ཏོག་དཀར་པོའམ་ཟིང་དམར་ཅི་རིགས་འདབ་མ་ལྔ་ལྡན་འཆར་ཞིང༌། ཡལ་རྗེས་འབྲས་བུ་ཟླུམ་རིལ་སྨིན་ནས་དམར་པོར་འགྱུར་པ་འདོགས་པ་སྟེ། བོད་ཀྱི་ས་ཆ་མང་པོའི་ནགས་ཁུལ་གྱི་ཀླུང་ཤོད་ཕལ་མོ་ཆེའི་རི་དང༌། ཞིང་མུ། གྲོང་འདབས་སོགས་སུ་སྐྱེ་བ། འབྲས་བུ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་བསིལ་སར་མ་རུལ་བར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་སྐྱུར་བ། ཞུ་རྗེས་མངར་བ། ནུས་པ་སྙོམས་པས་གློ་ནད་སེལ་ཟིང༌། ལུད་པ་འདྲེན་པར་བྱེད་པ་ཡིན།