69834

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོག་ (1)
Part of speech མིང་ཚིག
Definition དངོས་རྫས་ས་ངོས་སུ་བསྟན་ནས་བཞག་ཡོད་པའི་ཞབས་ངོས་ཀྱི་མིང་སྟེ།
Keyword True
Example མཐིལ་ཤིང་འོག ཉལ་ཐུལ་འོག ལྕགས་ཐབ་འོག་ལྟ་བུ།
Antonyms སྟེང་།
འོག་ (2)
Part of speech མིང་ཚིག
Definition འོག་མ་ཡི་དོན་ཏེ། སྟེང་འོག་བྱས་ནས་ཡོད་པའི་ནང་གི་རིམ་པ་དམའ་ཤོས་ཀྱི་མིང་།
Keyword True
Example ཆུ་འཐག་གི་འོག་རྡོ། ཉལ་ཁྲི་འོག་མ། ཡིག་ཕྲེང་འོག་མ་ལ་གཟིགས་ལྟ་བུ།
Antonyms སྟེང་།
འོག་ (3)
Part of speech མིང་ཚིག
Definition བང་རིམ་ཕྱི་མའམ་རྗེས་མའི་མིང་སྟེ།
Example འདིའི་དོན་འོག་ན་གསལ་པོར་བཤད་ཡོད་ལྟ་བུ།
Antonyms གོང་།
འོག་ (4)
Part of speech མིང་ཚིག
Definition ལུས་ཀྱི་སྨད་ཆའམ་འདོམས་ཀྱི་མིང་སྟེ། ཕོ་མོའི་མཚན་མ་ལ་འོག་དབང་ཟེར་བ་ལྟ་བུ།
འོག་ (5)
Part of speech མིང་ཚིག
Definition མངོན་གསལ་མ་ཡིན་པའི་ལྐོག་སྟེ།
Example རྐུན་མ་ལ་འོག་ཏུ་རྒྱུ་ཟེར་བ་ལྟ་བུ།
འོག་ (6)
Part of speech མིང་ཚིག
Definition མངའ་ཁོངས་སུ་གཏོགས་པའི་དོན་ཏེ།
Example ས་ཆ་འདི་སྔོན་མ་སོག་པོའི་འོག་རེད་ལྟ་བུ།