From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འོག་མིན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། བསམ་གཏན་བཞི་པའི་གནས་རིས་བརྒྱད་པའམ་གོང་མ་སྟེ། གནས་འདིར་སྐྱེས་པའི་ལྷ་ནི་གཟུགས་ཁམས་ཀྱི་མཐར་ཐུག་ཅིང༌། དེ་ཡན་ཆད་གཟུགས་ཅན་གཞན་མེད་པས་ཀུན་གྱི་གོང་དུ་གྱུར་པའི་ཕྱིར་འོག་མིན་ཞེས་བྱ་སྟེ་གཙང་མའི་གནས་ལྔའི་ཡ་གྱལ་ཞིག སྤྱིར་ན་གཟུགས་ཀྱི་ཁམས་ཀྱི་དང་པོ་སྟེ། གོང་ན་གཞན་མེད་པས་འོག་མིན་ཞེས་བྱའོ།
|
| Domain
|
ཆོས་ལུགས།
|
འོག་མིན་ (2)
| Part of speech
|
མིང་ཚིག
|
| Definition
|
འོག་མིན་སྟུག་པོ་བཀོད་པའི་ཞིང༌།
|
འོག་མིན་ (3)
| Part of speech
|
མིང་ཚིག
|
| Definition
|
འོག་མིན་ནི། ཕྱོགས་བཅུའི་མུན་སེལ་ལས། ཨ་ཀ་ནི་ཥྛའི་སྒྲ་ལས་དམན་པར་མ་གྱུར་པའམ་འོག་མ་ཡིན་པ་སྟེ་གོང་མར་གྱུར་པའི་དོན་ནོ། །ཞེས་དང་། གནས་སུ་གྱུར་པ་གང་ཞིག་དེའི་གོང་ན་ཆེས་འཕགས་པའི་གནས་གཞན་མེད་པ་སྟེ་འོག་མིན་ཙམ་གྱི་མཚན་ཉིད་དོ། །ཞེས་གསུངས།
|