69869

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོག་མིན་གནས་ (1)
Part of speech མིང་ཚིག
Definition བསམ་གཏན་བཞི་པའི་གནས་རིས་བརྒྱད་པ་སྟེ། གནས་འདིར་སྐྱེས་པའི་ལྷ་ནི་གཟུགས་ཁམས་ཀྱི་མཐར་ཐུག་ཅིང་། དེ་ཡན་ཆད་གཟུགས་ཅན་གཞན་མེད་པས་ཀུན་གྱི་གོང་དུ་གྱུར་པའི་ཕྱིར་འོག་མིན་ཞེས་བྱའོ། །སྐབས་འདིར་འོག་མིན་སྟུག་པོ་བཀོད་པའི་ཞིང་སྟེ་སངས་རྒྱས་འཚང་རྒྱ་བའི་གནས་ཡིན་ལ། ལང་ཀར་གཤེགས་པའི་མདོ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། སངས་རྒྱས་རྣམ་པར་འཚང་མི་རྒྱ། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་གསུངས་སོ། །