69876
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འོག་མིན་ནི་བསམ་གཏན་བཞི་པ་ལ་སྤྲིན་མེད་དང་། བསོད་ནམས་སྐྱེས། འབྲས་བུ་ཆེ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་། འོག་མིན་བཅས་གནས་རིས་བརྒྱད་ཡོད་པ་ལས་བརྒྱད་པ་ཡིན་ལ། གནས་འདིར་སྐྱེས་པའི་ལྷ་ནི་གཟུགས་ཁམས་ཀྱི་མཐར་ཐུག་ཅིང་། དེ་ཡན་ཆད་གཟུགས་ཅན་གཞན་མེད་པས་ཀུན་གྱི་གོང་དུ་གྱུར་པའམ། ཡང་ན་གནས་གཞན་དང་འབྲེལ་བ་ལ་འདི་ལས་རྡུལ་ཕྲ་རབ་བསགས་པའི་གཟུགས་ཀྱི་མཐར་ཐུག་པ་ཡིན་པས་བསགས་མཐའ་བ་ཞེས་ཀྱང་བྱའོ། །མི་ཆེ་བ་ནས་འོག་མིན་གྱི་བར་འཕགས་པ་རྣམས་ཁོ་ན་དེས་སྐྱེས་པས་གནས་གཙང་མར་གྲགས་ཤིང་། འོག་མིན་དེ་ལོངས་སྐུའི་གནས་ཡིན་པར་ལང་ཀར་གཤེགས་པ་སོགས་མདོ་དང་། སྔགས་རྒྱུད་འགའ་ཞིག་ལས་གསུངས་པས་དགོངས་པ་ཕྱོགས་གཅིག་མངོན་ཞིང་། ས་སྡེ་ལས། དེའི་གོང་དུ་དབང་ཕྱུག་ཆེན་པོའི་གནས་ཞེས་པ་ས་བཅུའི་དབང་ཕྱུག་རྣམས་སྐྱེ་བའི་གནས་ཤིག་ཡིན་པར་ཡང་བཤད་དོ། ། |