699

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ལོ་ཕྱི་ལོ་ ༡༨༧༠ ལོར་གཙང་མྱང་སྟོད་ཤེལ་དཀར་རྒྱལ་རྩེར་ཡབ་སྙན་གྲགས་དབང་པོ་དང་། ཡུམ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་དོན་གྲུབ་རྡོ་རྗེ་ཞེས་གསོལ། དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་མཁྱེན། དྲུག་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། འོག་མིན་མཚུར་ཕུར་སེང་ཁྲིར་མངའ་གསོལ། མཚན་ལ་དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ཆེན་པོ་འཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། འབྲུག་ཐམས་ཅད་མཁྱེན་པ་དང་། ཡོངས་འཛིན་ཤེས་བྱ་ཀུན་མཁྱེན་གཉིས་ལས་རབ་ཏུ་བྱུང་། བརྒྱད་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་མཇལ་འཕྲད་མཛད་པས་ཤིས་བརྗོད་དང་གཟེངས་བསྟོད་གནང་། མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་བཀའ་འགྱུར་གྱི་ལུང་དང་། དཔའ་བོ་གཙུག་ལག་ཉིན་བྱེད་ལས་འཇའ་ཚོན་པོད་དྲུག་གི་དབང་ལུང་། སྔགས་གྲྭ་རིག་འཛིན་ཆེན་པོ་ལས་སི་ཏུ་ཀུན་མཁྱེན་བཀའ་འབུམ་སོགས་གསན། རྗེ་འཇམ་མགོན་བླ་མ་ལས་བཀའ་བརྒྱུད་སྔགས་མཛོད་སོགས་ཀྱི་དབང་ལུང་ཁྲིད་གསུམ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས་དཀར་པོ་རྣམ་གསུམ་གྱི་དབང་ལུང་བཅས་གསན། འཇམ་མགོན་བླ་མ་ལས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཁྲིད་གསུམ་དང་། མདོ་སྔགས་ཀྱི་བཤད་ཁྲིད་གསན། སུ་ཏུའི་མཆོག་སྤྲུལ་དང་། འབྲུག་ཆེན་གྱི་མཆོག་སྤྲུལ། འཇམ་མགོན་བླ་མའི་མཆོག་སྤྲུལ་བཅས་ཀྱིས་ཁྲི་འདོན་མཛད། མཚུར་ཕུར་དགེ་འདུན་ཟུར་རེའི་འདུ་ཁང་གསར་རྒྱག་དང་། ཕོ་བྲང་ཉམས་གསོ་དང་། ལྷ་སའི་གཙུག་ལག་ཁང་དུ་ཚེ་རིང་མཆེད་ལྔའི་རྟེན་དང་བསྐང་གསོ་རྒྱུན་འཛུགས་མཛད། སྐུ་ཚེ་གང་བོར་མངའ་རིས་སོགས་ཡུལ་ལུང་མང་པོར་ཕེབས། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་ཕྱི་ལོ་ ༡༩༢༡ ལོར་སྐུ་གཤེགས། ཀརྨ་པའི་སྐུ་ཕྲེང་བཅོ་ལྔ་པ་ཡིན། སློབ་མ་ནི་སི་ཏུ། རྒྱལ་ཚབ། དཔའ་བོ། ཏྲེ་ཧོ། གར་དབང་། རས་ཆུང་། ཁྲ་ལེབ་སོགས་སྤྲུལ་བའི་སྐུ་མང་དུ་བྱོན། གསུང་རྩོམ་ནི་ལྷ་རྩེའི་དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བཀའི་བསྡུ་གསོ་མཛད་པས་པོ་ཏི་བཅུ་སྐོར་བཞུགས། མཚན་གཞན། དོན་གྲུབ་རྡོ་རྗེ། དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ཆེན་པོ་འཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ།

{{#arraymap:ཀརྨ་པ་མཁའ་ཁྱབ་རྡོ་རྗེ་

|; |@@@ | | }}