69912

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོག་སྒོ་ཐིག་ལེ་ཕྲ་མོ་ (1)
Part of speech མིང་ཚིག
Definition འོག་སྒོར་ཐིག་ལེ་ཕྲ་མོ་སྒོམ་པའི་ཚུལ་ནི། རང་ཉིད་མི་བསྐྱོད་པའི་རྣལ་འབྱོར་ལ་གནས་པའི་གསང་གནས་ཀྱི། ལིང་ག་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མ་བུག་པ་ཅན་དུ་བསྒོམས་པའི་རྡོ་རྗེ་བུག་པའི་ཁ་ནང་དུ་ཐིག་ལེ་སྔོན་པོ་ཡུངས་ཀར་གྱི་འབྲུ་ཚད་ཙམ་ལ་རེག་མཐོང་གི་མཚན་མ་བརྟན་པོ་རྙེད་རྙེད་ཀྱི་བར་དུ་བསྒོམ། དེ་ལ་རེག་མཐོང་གི་མཚན་མ་བརྟན་པོ་རྙེད་པ་ན། ཐིག་ལེ་དེ་ཡིད་ཀྱིས་ཡུམ་གྱི་པདྨར་དབྱུང་བའི་ཐིག་ལེའི་ནང་དུ་རྟེན་གཞལ་ཡས་ཁང་དང་བརྟེན་པ་མི་བསྐྱོད་པས་གཙོ་བྱས་པའི་ལྷ་སོ་གཉིས་བསྐྱེད། དེ་ཡང་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔ་བུ་དང་། དེ་ལས་གཞན་པའི་ལྷ་ཕོ་རྣམས་ཚ་བོ་དང་། མོ་རྣམས་ཚ་མོའི་ཚུལ་དུ་སྤྲོ་བར་བྱེད་པ་ཡིན་ནོ། ། དེ་ལ་ལོབས་པ་ན་ཐིག་ལེའི་དབུས་ཀྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ་ཡུམ་གྱི་པདྨར་ཕབ་པའི་ཐིག་ལེའི་དབུས་སུ་རྟེན་གཞལ་ཡས་ཁང་དང་། བརྟེན་པ་མི་བསྐྱོད་པས་གཙོ་བྱས་པའི་ལྷ་སོ་གཉིས་བསྐྱེད། དེ་ཡང་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔ་བུ་དང་། དེ་ལས་གཞན་པའི་ལྷ་ཕོ་རྣམས་ཚ་བོ་དང་མོ་རྣམས་ཚ་མོའི་ཚུལ་དུ་སྤྲོ་བ་ཡིན་ནོ། ། དེ་ལྟར་ཕྲ་མོའི་རྣལ་འབྱོར་སྒོམ་པ་འདི་སྦྱང་གཞི་ལ་ཆོས་མཐུན་སྦྱོར་རྒྱུ་མེད་ཀྱང་། ལམ་རྫོགས་རིམ་གྱི་སྐབས་སུ་ལུས་དབེན་ཕྲ་མོའི་རྒྱུད་སྨིན་བྱེད་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་སར་སྟོན་པས་ནང་དུ་ཡང་དག་འཇོག་ལ་མཉམ་པར་གཞག་པ་དང་རྣམ་པ་མཐུན་ཞིང་དེ་འགྲུབ་པའི་ལག་རྗེས་འཇོག་པའི་འབྲས་བུ་ལམ་བྱེད་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:འོག་སྒོ་ཐིག་ལེ་ཕྲ་མོ་

|; |@@@ | | }}