69929

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་ཀྱི་ཁ་དོག་ལྔ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། འོད་ཀྱི་ཁ་དོག་ལྔ་ནི། འཇམ་དཔལ་མཚན་བརྗོད་ལས། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་པའི་སྐབས་ནས་བསྟན་པའི་འགྲོ་བ་སྨིན་བྱེད་དེ་བཞིན་གཤེགས་པའི་འོད་ལྔ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། ཁ་དོག་ཅེས་པ་ནི་འོད་ཀྱི་ཁ་དོག་ལྔ་སྟེ། ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་འོད་དཀར་པོ་དང་། ཡོན་ཏན་མ་འགགས་པར་འཆར་བའི་ཕྱིར་འོད་སེར་པོ་དང་། ཆོས་ཉིད་རྒྱ་མ་ཆད་པའི་ཕྱིར་དམར་པོ་དང་། ཕྲིན་ལས་ཐོགས་པ་མི་མངའ་བའི་ཕྱིར་འོད་ལྗང་གུ་དང་། ཆོས་ཉིད་མི་འགྱུར་བའི་ཕྱིར་འོད་མཐིང་ག་དང་ལྔའོ། །དེ་ལ་སོགས་པའི་འོད་རྣམ་པ་སྣ་ཚོགས་པས་སེམས་ཅན་སྨིན་པར་བྱེད་ཅིང་། ཉོན་མོངས་པ་ཞི་བར་བྱེད་པའི་འོད་འབར་ཞིང་རབ་ཏུ་འཕྲོ་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:འོད་ཀྱི་ཁ་དོག་ལྔ་

|; |@@@ | | }}