From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འོད་གསལ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
མུན་པ་འཇོམས་པའི་འོད།
|
| Example
|
ཉི་མའི་འོད་གསལ་བ་ཞེས་པ་ལྟ་བུ།
|
འོད་གསལ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
བསམ་གཏན་གཉིས་པའི་གནས་རིས་གོང་མར་གནས་པའི་ལྷ་རྣམས་ཏེ། གནས་དེར་སྐྱེས་པའི་ལྷ་ནི་ལྷ་གཞན་གྱི་གནས་སུ་ཡང་འོད་གསལ་བར་བྱེད་པས་འོད་གསལ་གྱི་གནས་ཞེས་དང་། ཡང་ན་ལྷའི་གནས་ཀྱི་འོད་ཀྱིས་གནས་ཀུན་ཏུ་རྒྱས་པར་སྣང་བར་གྱུར་པས་ན་འོད་གསལ་ཞེས་བྱའོ། །དེ་དག་གི་ལུས་ཀྱི་ཚད་ནི་བརྒྱད་དོ། །དེའི་གནས་ལ་ཉིན་མཚན་མེད་པས་དེའི་ཚེ་ཚད་ནི་རང་གི་ལུས་ཀྱི་ཚད་གཞལ་བའི་དཔག་ཚད་ཀྱི་གྲངས་ཀྱི་ཚད་ཀྱི་བསྐལ་པ་ཡིས་མཇལ་བ་ཡིན་ཏེ། འདི་ལྟར་ཚེ་ཚད་ནི་བསྐལ་པ་བརྒྱད་དོ། །
|
| Domain
|
ཆོས་ལུགས།
|