69955

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་གསལ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། འོད་གསལ་བཞི་ནི། བདེ་བའི་འོད་གསལ། གསལ་བའི་འོད་གསལ། མི་རྟོག་པའི་འོད་གསལ། བསམ་གྱིས་མི་ཁྱབ་པའི་འོད་གསལ་ཏེ། ཕྱོགས་བཅུའི་མུན་སེལ་ལས། བདེ་བའི་འོད་གསལ་སྒོ་གསུམ་དགའ་བས་ཁྱབ་པས་སྣང་སྲིད་དགའ་བདེར་ཤར་བ་དང་། གསལ་བའི་འོད་གསལ་བདེ་བའི་ངང་ལས་སེམས་ཀྱི་ངོ་བོ་རང་གསལ་ཐབས་ཤེས་སུ་སྣང་བ་མི་འགགས་པ་དང་། མི་རྟོག་པའི་འོད་གསལ་ཕྲ་རགས་སུ་ཞེན་པའི་བྱུང་ཚོར་ནུབ་པས་གང་ལའང་མི་འཕྲོ་བར་རྟོག་མེད་དུ་གནས་པ་དང་། བསམ་གྱིས་མི་ཁྱབ་པའི་འོད་གསལ་ཆོས་ཉིད་ཀྱི་ངང་ལས་རྟགས་བཅུའི་སྣང་བ་ཤར་བའོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:འོད་གསལ་བཞི་

|; |@@@ | | }}