69956
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ངེས་པ་དྲུག་གི་ཡ་གྱལ་ཞིག་སྟེ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། སྤྱོད་ཡུལ་ཀུན་མ་འདྲེས་ཡོངས་རྫོགས་སུ་ཤེས་པའི་རིག་པ་ཕྱོགས་ལྷུང་མེད་པ་ཉིད་གཉིས་མེད་ཡེ་ཤེས་ཆེན་པོའི་ཀློང་དུ་མི་འགག་པར་གསལ་བའི་ཉི་མ་འཆར་ནུབ་མེད་པར་གདལ་བས་ཆོས་སོ་ཅོག་ཀུན་རང་འོད་གསལ་བར་སྣང་བས་ཕྱོགས་ཀུན་ཡོངས་ཀྱིས་འོད་གསལ་བར་མཐོང་བས་ན་ཡོངས་ཀྱིས་འོད་གསལ་བར་ངེས་པ་སྟེ། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:འོད་གསལ་བར་ངེས་པ་
|; |@@@ | | }}