69960

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་གསལ་རྒྱན་ཡིད་ཀྱི་མུན་སེལ་ (1)
Part of speech མིང་ཚིག
Definition ཇོ་ནང་ཉ་དབོན་པས་མཛད་པའི་སྔགས་ཀྱི་གཞུང་ཞིག་སྟེ། གཞུང་མཚན་རྒྱས་པ་ནི། འོད་གསལ་རྒྱན་གྱི་བཤད་པ་ཡིད་ཀྱི་མུན་སེལ། ཞེས་བཏགས། གཞུང་ཚད་ལ་རང་མཆན་དང་བཅས་པ་ལྡེབ་གྲངས་སུམ་ཅུ་ཙམ་བཞུགས། བརྗོད་བྱ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་བྱ་བ་དེ་ཡིན་ལ། དེ་ཡང་གཞུང་དེར། སེམས་ཀྱི་རང་བཞིན་འོད་གསལ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་དྲི་མ་སེལ་བས་དེའི་རྒྱན་ཡིད་ཀྱི་མུན་སེལ་ཞེས་བྱ་བ། ཞེས་བྱུང་། དེའི་ཁུངས་ཀྱང་། གཞུང་དེའི་མཇུག་ཏུ། གཞན་ཡང་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་འགྲེལ་བའི་སེམས་འགྲེལ་རྣམས་ལས་གསུངས་ཤིང་། རྗེ་ནཱ་རོ་པ་ཆེན་པོ་ལ་སོགས་པ་མཁས་གྲུབ་རྣམས་ཀྱིས་ཀྱང་གསུངས་ལ། རྗེ་གྲུབ་ཆེན་ཡུ་མོ་ལ་སོགས་པ་དང་། ཆོས་རྗེ་ཀུན་སྤངས་ཞང་ཡབ་སྲས་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་པས། ཚུལ་དེ་ལྟར་མཁས་པ་རྣམས་ཀྱིས་ཀྱང་རྟོགས་པར་བྱའོ། །གཞན་ཡང་འདིའི་ལུང་སྦྱོར་གྲུབ་སྙིང་གི་སྐོར་ལ་སོགས་པ་རྣམས་ལས་ཀྱང་གསུངས་པས། དེ་དག་ལས་གཟུ་བོའི་བློ་ཡིས་དཔྱད་ནས་ཤེས་པར་བྱ་སྟེ། ཕྱོགས་སུ་ལྷུང་བས་སེམས་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །ཞེས་གསུངས་པའི་ཕྱིར། སྐྱོ་མ་སྔ་བཙན་ལ་སོགས་ཀྱིས་གཞུང་ལུགས་ཆེན་པོའི་ངེས་དོན་རྟོགས་པ་ལ་སྒྲིབ་པར་མ་གྱུར་པར་བྱའོ། །ཞེས་བྱུང་། བརྩམས་པའི་དུས་ནི། རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོ་ཕྱི་ལོ་༡༣༧༡ ལོ་སྟེ། དགུང་ལོ་དོན་གསུམ་པར་བརྩམས།

{{#arraymap:འོད་གསལ་རྒྱན་ཡིད་ཀྱི་མུན་སེལ་

|; |@@@ | | }}