69963

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་གསལ་རྣམ་དྲུག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། འོད་གསལ་རྣམ་དྲུག་ནི། གནས་ལུགས་དོན་གྱི་འོད་གསལ་དང་། གོ་ཡུལ་ཙམ་གྱི་འོད་གསལ་དང། དཔེ་ཡི་འོད་གསལ་དང་། དོན་གྱི་འོད་གསལ་དང་། སློབ་པའི་འོད་གསལ་དང་། མཐར་ཐུག་གི་འོད་གསལ་བཅས་དྲུག་སྟེ། འོད་གསལ་སྙིང་པོ་ལས། དེ་ལྟར་ལམ་ལྔ་པོ་དེ་ནི་ཆོས་ཉིད་མཉམ་པ་ཉིད་གནས་ལུགས་དོན་གྱི་འོད་གསལ་མཐོང་ཚུལ་ལས་རྣམ་པར་བཞག་པ་སྟེ། འདི་ལྟར་ཚོགས་ལམ་ན་ཐོས་བསམ་གྱིས་གོ་ཡུལ་ཙམ་གྱི་འོད་གསལ་དང་། སྦྱོར་ལམ་དཔེ་ཡི་འོད་གསལ། མཐོང་ལམ་དོན་གྱི་འོད་གསལ། སྒོམ་ལམ་སློབ་པའི་འོད་གསལ། མི་སློབ་ལམ་ན་མཐར་ཐུག་གི་འོད་གསལ་ཉིད་ཡོད་པར་ཤེས་པར་བྱ་ལ། འཕགས་པའི་སར་ཆོས་དབྱིངས་མངོན་སུམ་གཟིགས་ཚུལ་ཙམ་ལ་ཁྱད་མེད་ཀྱང་། གསལ་སྣང་གོང་ནས་གོང་དུ་ཐོབ་ཚུལ་ལ་ཁྱད་པར་ཆེ་ན་ཡང་དེ་ནི་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ལས། བར་སྣང་གི་བྱ་རྗེས་གཟུང་དུ་མི་ནུས་པ་ལྟར་ཐོས་བསམ་གྱི་བློས་སོ་སོར་བསམ་པར་མི་ནུས་ཀྱང་། གསལ་སྣང་ཐོབ་ཚུལ་ལ་བརྟེན་ནས་རྗེས་ཐོབ་ཀྱི་ངེས་པ་སྐྱེ་ཚུལ་དང་སྤངས་རྟོགས་ཀྱི་ཡོན་ཏན་འཕགས་ཚུལ་ལས་བརྩམས་ཏེ་ས་བཅུའི་ཁྱད་པར་གཏན་ལ་འབེབས་པ་ཡིན་ནོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:འོད་གསལ་རྣམ་དྲུག་

|; |@@@ | | }}