70036
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་པའི་དཀྱིལ་དུ་ཡབ་དཔལ་ལྡེ་དང་། ཡུམ་ཅོག་རོ་བཟའ་འབའ་རེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཉེར་གྲངས་མང་ཡུལ་གུང་ཐང་གི་ཡུལ་མི་བགྲོས་ཏེ། འུ་ཅག་སྐྱོང་བའི་རྗེ་བོ་ཞིག་དགོས་པ་འདུག་ཅེས་ཁ་མཆམས་ནས། མེས་པོ་སྟོད་ཀྱི་ཁྲི་རྗེ་དང་། ཞང་བརྗིད་ལྡན་རིང་མོ་བྱ་བ་གཉིས་དཔལ་ལྡེའི་དྲུང་དུ་ཡོངས་ནས་འོད་ཟེར་ལྡེ་མང་ཡུལ་གུང་ཐང་གི་རྗེ་བོ་བྱེད་དགོས་པར་ཞུས་པས་གནང་བ་ཐོབ་སྟེ། འོད་ཟེར་ལྡེ་མང་ཡུལ་གུང་ཐང་དུ་གདན་དྲངས། ཐང་སྟོད་ཐོ་ལེ་ཞེས་པའི་ས་ཆར་གདན་ཕབ་སྟེ་སྐུ་མཁར་བརྩིགས། བཙུན་མོ་ཞིག་ཁབ་ཏུ་བཞེས། རིགས་སྲས་དབང་པོ་ལྡེ་འཁྲུངས། མེས་པོ་སྟོད་ཀྱི་ཁྲི་རྗེ་དང། ཞང་བརྗིད་ལྡ་རིང་མོ་གཉིས་ཀྱིས་བློན་པོ་བྱས་ཏེ་ཆབ་སྲིད་བསྐྱངས། བཟུང་མང་ཡུལ་གུང་ཐང་གི་རྒྱལ་རབས་བྱུང་བ་ཡིན། |
{{#arraymap:འོད་ཟེར་ལྡེ་
|; |@@@ | | }}