70059

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོད་ལྡན་ (1)
Part of speech མིང་ཚིག
Definition འོད་ཟེར་དང་བཅས་པའི་དོན།
འོད་ལྡན་ (2)
Part of speech མིང་ཚིག
Definition འདོད་ཆགས་ཅན་གྱི་དོན།
འོད་ལྡན་ (3)
Part of speech མིང་ཚིག
Definition འདུལ་བའི་གཞུང་ཞིག་གི་མིང་སྟེ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་ཞེས་བྱ་བ་བམ་པོ་བརྒྱད་ཀྱི་བདག་ཉིད་ཅན། རྒྱ་གར་གྱི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད། མཚོ་ཊཱིཀ་ཏུ་འོད་ལྡན་ཞེས་མང་དུ་འབྱུང་བ་དེ་འདི་རང་ཡིན། བསྟན་འགྱུར་འདུལ་བའི་གླེགས་བམ་ཤུ་པའི་ནང་བཞུགས།
འོད་ལྡན་ (4)
Part of speech མིང་ཚིག
Definition གཟའ་པ་སངས་ཀྱི་མིང་སྟེ། འོད་སྣང་གསལ་བས་སོ། །
Type མངོན་བརྗོད།
འོད་ལྡན་ (5)
Part of speech མིང་ཚིག
Definition ཉི་མའི་མིང་སྟེ། འོད་སྣང་རབ་ཏུ་གསལ་བས་སོ། །
འོད་ལྡན་ (6)
Part of speech མིང་ཚིག
Definition སྐར་མའི་མིང་སྟེ། མཚན་མོ་མཁའ་དབྱིངས་སུ་འོད་དང་ལྡན་པས་སོ། །