70064
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་པའི་སྟོད་དུ་ཉང་སྟོད་རྒྱལ་མཁར་རྩེར་ཡབ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཡུམ་ཅོག་རོ་བཀའ་མགོན་དཔལ་གཉིས་ཀྱི་སྲས་སུ་འཁྲུངས། ཆུ་འབྲུག་ཕྱི་ལོ ༩༩༢ ལོར་ཡབ་མཆེད་སོ་སོར་གྱེས། འདིས་གཙང་ཕྱོགས་ཀྱི་སྒོ་གསུམ་ལ་དབང་མཛད་པ་ནི། དྲིན་དང་གཉའ་ནམ་རྫས་ཀྱི་སྒོ་དང་། བུད་མཁར་ར་ཤིང་གི་སྒོ། ཟར་སྟག་སྣ་རྩོད་ཀྱི་སྒོ བཅས་ལ་མངའ་མཛད་པ་ཞེས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་དུ་འཁོད་པ་དང་། བཙུན་མོ་ཞིག་ཁབ་ཏུ་བཞེས། རིགས་སྲས་ཕ་ལ་ཝ་དེ་སེ་དང་། ཁྲི་ལྡེ། ཉག་ལྡེ། ཁྲི་ཆུང་རྣམས་རིམ་བཞིན་འཁྲུངས། དེ་དག་གིས་གནུབས་ཡུལ་རོང་དང་། གཡག་སྡེ། མྱུང་སྟོད་ཀོང་བུ་སྣ། ཡར་ལུང་སོགས་ཀྱི་ཡུལ་གྲུ་རྣམས་བཟུང་ནས་ཆབ་སྲིད་བསྐྱངས། བོད་ཀྱི་ལོ་རྒྱུས་སྟེང་དུ་གྲགས་པའི་སྨད་ཀྱི་ལྡེ་གསུམ་ནང་གི་ཡ་གྱལ་ཞིག་ཡིན། |
{{#arraymap:འོད་ལྡེ་
|; |@@@ | | }}