70106
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཉིས་པའི་མེ་བྱི་ཕྱི་ལོ ༡༦༩༦ ལོར་ལྷ་ལུང་རྙིང་པར་འཁྲུངས། དགུང་ལོ་བཞི་པར་འོན་ཆོས་སྡིངས་ངེས་གསང་དར་རྒྱས་གླིང་དུ་གདན་དྲངས། ལོ་དེར་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་དབུ་སྐྲའི་གཙུག་ཕུད་བཞེས། མཚན་ལ་བློ་བཟང་ངག་དབང་འཇིགས་མེད་ཅེས་གསོལ། མདོ་སྨད་པ་ངག་དབང་རབ་བརྟན་དགེ་རྒན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད། རྒྱན་འཇུག སྔགས་བཀླགས་ཐབས་བཅས་ལ་སྦྱངས། བརྒྱད་པར་འོན་མངའ་རིས་གྲུ་ཚང་གི་ཆོས་སྒོར་ཞུགས། བསྡུས་གཞུང་དང་གཞུང་ཆེན་རྣམས་ལ་ཐོས་བསམ་མཛད། བཅུ་བཞི་པར་འབྲས་སྤུངས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་དམིགས་སྦྱངས་མཛད། བཅོ་བརྒྱད་པར་བཀྲ་ཤིས་ལྷུན་པོར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བཀའ་ཆོས་གསན། བཅུ་དགུ་པར་པཎ་ཆེན་དེ་ཉིད་ལས་བསྙེན་པར་རྫོགས། ཉེར་བཞི་པར་ངེས་གསང་དར་རྒྱས་གླིང་དུ་ཕེབས། གསོ་རིག་དང་རྩིས་རིག་དཀྱིལ་འཁོར་གྱི་ཐིག་རྩ་སོགས་ལ་སྦྱངས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། དུས་འཁོར་བ་ཡོན་ཏན་དར་རྒྱས། ཆོས་རྗེ་ཀུན་དགའ་ལེགས་འབྱུང་སོགས་ལས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། ང་གཉིས་པར་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་ཆོ་ག་ཕྱག་ལེན་དང་བཅས་པ་མཁས་པར་སྦྱངས། ང་ལྔ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་ཕྱི་ལོ ༡༧༥༠ ལོར་སྐུ་གཤེགས། གསུང་རྩོམ་ནི་ནག་རྩིས་སྐོར་མགོ་དང་། བཀའ་དྲིན་མཚུངས་མེད་དྲིན་ཅན་བླ་མ་རྣམས་ལ་འབུལ་བ་དང་རང་བཞིན་གྱི་གནས་ཚུལ་དྲང་པོར་བརྗོད་པ། དཔལ་སྣར་ཐང་དང་། རྭ་སྒྲེང་། དགོན་ལུང་བྱམས་པ་གླིང་དགོན་མ་ལག་བཅས་ཀྱི་བཅའ་ཡིག་བཅས་པོད་གཅིག་བཞུགས། མཚན་གཞན། བློ་བཟང་ངག་དབང་འཇིགས་མེད། |
{{#arraymap:འོན་རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པ་
|; |@@@ | | }}