70108
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདི་བ་རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ཕྱི་ལོ་ ༡༧༤༣ ལོར། དབུས་སྟོད་ལ་མོ་ཞེས་པར་ཡབ་ཆོས་རྗེ་བསོད་ནམས་དབང་འདུས་དང། ཡུམ་ཉི་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་པར་འོན་ངེས་གསང་དར་རྒྱས་གླིང་དུ་གདན་དྲངས། རྒྱལ་དབང་བདུན་པ་ལས་རབ་ཏུ་བྱུང། དགོན་ལུང་བཀའ་བཅུ་པ་གྲགས་པ་ཡར་འཕེལ་སོགས་བསྟེན་ནས་གཞུང་ཆེན་ལ་སྦྱངས་པས་མཁས་པར་གྱུར། ཉི་ཤུ་པར་ཕུར་ལྕོགས་ངག་དབང་བྱམས་པ་ལས་བསྙེན་པར་རྫོགས། འོན་ཕུར་ལོ་མང་བོར་བཞུགས་ཏེ་སྒྲུབ་པ་མཛད། རྒྱལ་བ་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་གནང། དགུང་གྲངས་རེ་དགུ་པ་རབ་བྱུང་བཅུ་བཞི་པ་ལྕགས་ལུག་ཕྱི་ལོ་ ༡༨༡༡ ལོར་དགོངས་པ་རྫོགས། གསུང་རྩོམ་པོད་འབྲིང་གསུམ་ཙམ་བཞུགས། |
{{#arraymap:འོན་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་
|; |@@@ | | }}