7013
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། གཏུམ་པའི་ཚུལ་ལྡན་ཞེས་པ་ནི། བསྟན་འགྲོའི་དོན་ལ་རབ་ཏུ་གནོད་པར་བྱེད་པའི་དགྲ་བགེགས་ལོག་ལྟ་ཅན་སོགས་འཇིགས་ཤིང་སྔངས་པའི་ཐབས་སུ་དགོངས་ཏེ། བདེར་གཤེགས་ཡི་དམ་མཁྱེན་བརྩེའི་བདག་ཉིད་ཅན་གང་གིས་ཐུགས་ཉིད་བྱམས་བརྩེའི་ངང་ནས་མ་གཡོས་ཀྱང་སྐུ་དང་གསུང་གི་རྣམ་འགྱུར་འཇིགས་རུང་དུ་སྟོན་པ་ལ་བྱའོ། །དེ་ལ་གྲངས་ཀྱི་སྒོ་ནས་བདུན་དུ་བཤད་དེ། ལྷུ་ཐུང་བ། སྦོམ་ལ། ཡན་ལག་རགས་པ། ཀད་ཀྱི་གནས་ལ་ཁད་པ། ཏོག་སྟེ་ཡར་ལ་ཁད་པ། རྦད་ཀྱི་མཆོང་ལ་ཁད་པ། ཏོད་དེ་འགྱེལ་ལ་ཁད་པ་བཅས་བདུན་ནོ། །གཏུམ་པའི་ཚུལ་ནི། ཁོང་ཁྲོ་ལངས་པའི་ལུས་ངག་གི་རྣམ་འགྱུར་འཇིགས་རུང་ལ་ཡང་འཇུག་གོ ། |
Domain | ཆོས་ལུགས། |
{{#arraymap:གཏུམ་པའི་ཚུལ་ལྡན་
|; |@@@ | | }}