70140
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བརྒྱད་པའི་ཤིང་གླང་ཕྱི་ལོ ༡༥༠༥ ལོར་འོལ་དགའ་གྱང་ནང་གསར་པར་སྐུ་འཁྲུངས། བསམ་གཏན་གླིང་དུ་རིག་གནས་དང་། མདོ་ཕྱོགས་ལ་སྦྱངས། རྒྱུད་སྟོད་དུ་ཞུགས། སྔགས་གཞུང་དང་། ཆོ་ག་ཕྱག་ལེན་བཅས་སྦྱངས། རྒྱུད་སྟོད་དང་། ཤར་གྱི་གདན་སར་རིང་ཙམ་བཞུགས། ང་བཞི་བ་རབ་བྱུང་དགུ་པའི་ས་རྟ་ཕྱི་ལོ ༡༥༥༨ ལོར་དགའ་ལྡན་གསེར་ཁྲིར་ཕེབས། གསེར་ཁྲི་ལོ་བདུན་གྱི་རིང་བསྐྱངས། ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར། རྒྱལ་བ་བྱམས་པའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་བཞེངས། དྲུག་ཅུ་བར་བདེ་བ་ཅན་དུ་ཟུར་བཞུགས་མཛད། རྒྱལ་བ་བསོད་ནམས་རྒྱ་མཚོའི་བསྙེན་རྫོགས་ཀྱི་མཁན་པོ་མཛད། མལ་གྲོ་རིན་ཆེན་གླིང་དང་། ཕག་མོ་ཆོས་སྡེ་སོགས་ཀྱི་ཞལ་འཛིན་མཛད། རེ་གསུམ་པ་རབ་བྱུང་བཅུ་པའི་མེ་ཡོས་ཕྱི་ལོ ༡༥༦༧ ལོར་སྐུ་གཤེགས། དངུལ་གདུང་ནི་ལི་མ་ལྷ་ཁང་གི་ཤར་གཙོའི་གཡོན་བཞི་པར་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཉེར་གཅིག་པ་ཡིན། མཚན་གཞན། ཆོས་རྗེ་བདེ་བ་ཅན། |
{{#arraymap:འོལ་དགའ་དགེ་ལེགས་དཔལ་བཟང་
|; |@@@ | | }}