70144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འོལ་བ་ (1)
Part of speech མིང་ཚིག
Definition བྱ་ནེ་ལེའི་མིང་སྟེ། མིང་གཞན་ལ་པིང་སྐྱུར་ཡང་ཟེར། དབྱིབས་དང་སྤུ་མདོག་སོགས་ཕལ་ཆེར་བྱ་གླག་དང་འདྲ་ལ་དེ་ལས་ཅུང་ཟད་ཆུང་བར་མགོ་བོ་ཆུང་ཞིང༌། མཆུ་ཐུང་ལ་སུག་ཀྱང་ཐུང་བ་དང༌། འགྲམ་པའི་གཡས་གཡོན་དང་སོག་ལྡེབས་ཁམ་སྐྱ་ཡིན་པ། གཤོག་སྒྲོ་དང་མཇུག་མ་ཁམ་སེར་མདོག་ལ་ཚེས་དབྱིབས་ཀྱི་རྣམ་པ་ཅན། དཔྱིད་ཀ་དྲོད་སླེབས་དུས་བྱ་འདི་ཡོང་སྟེ་སྐད་འབྱིན་པར་བྱེད་པ་དང༌། དགུན་དུས་ས་བབ་དམའ་ལ་དྲོད་ཆེ་བའི་སར་སྡོད་ཅིང༌། དཔྱིད་དུས་ནས་སྟོན་མཇུག་བར་ཞིང་འགྲམ་དང་གྲོང་སྡེའི་ཉེ་འདབས་འདབ་ཀྱི་སྤང་ལྗོངས་དང་ཤིང་སྡོང་གི་སྟེང་དུ་སྡོད་པ་ཡིན། འཕུར་དུས་གཤོག་རྡེབས་རྡེབ་མང་པོ་མི་བྱེད་པར་མཁའ་དབྱིབས་སུ་ལྡིང་འཁོར་རྒྱག་ཅིང་འཕུར་ཡུན་ཧ་ཅང་རིང་པོ་ཡོད། འདིའི་མིག་ཧ་ཅང་རྣོ་བས་ས་ཐོག་ཏུ་ཡོད་པའི་ཁྱིམ་བྱའི་ཕྲུ་གུ་སོགས་སྲོག་ཆགས་ཆུང་རིགས་མཐོང་ཚེ་མར་བཅུམ་འོང་སྟེ་བཟུང་ནས་ཁྱེར་ཏེ་ཟ་བ་དང༌། དེ་མིན་སྲོག་ཆགས་ཤི་བའི་རོ་ཡང་ཟ་བ་ཡིན།

{{#arraymap:འོལ་བ་

|; |@@@ | | }}

འོལ་བ་ (2)
Part of speech མིང་ཚིག
Definition བྱ་འོལ་བའི་ཁ་དོག་གི་སྤུ་མདོག་ལྡན་པའི་རྟའི་མིང་།

{{#arraymap:འོལ་བ་

|; |@@@ | | }}