70183

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་ཉེར་བཞི་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་རྐན་དང་། བྱེད་པ་ལྕེའི་རྐེད་པར་ཅུང་ཟད་ཉེ་བ། སྒྲ་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་ཅིག
ཡ་ (2)
Part of speech མིང་ཚིག
Definition གོང་མའམ་སྟེང་གི་དོན་ཏེ།
Example ཡ་ཁ་ལྷབ་ལྷབ། ཡ་སོ་རིང་པོ། ཡ་ཐོད་ཆེན་པོ། ཡ་རྐན་ལྟ་བུ།
ཡ་ (3)
Part of speech མིང་ཚིག
Definition དོ་ཟླའམ་འགྲན་ཟླའི་དོན།
Example ཁྱེད་རང་ངའི་དགྲ་ཡ་ཡིན། ཁྲིམས་ཁང་ནས་གྱོད་ཡ་དང་བཤད་རེས་བྱས། འཐབ་ཡ། འགྲན་ཡ་ལྟ་བུ།
ཡ་ (1)
Part of speech གྲངས་ཚིག
Definition ཆའམ་ཟུང་གི་ལྡོག་ཟླ་སྟེ། གཅིག་དང་གསུམ་སོགས་ཟུང་དང་བྲལ་བའི་དོན།
Example མིག་ཡ་གཅིག་གིས་མཐོང། ལག་པ་ཡ་གཅིག་གིས་བཟུང་ལྟ་བུ།
Antonyms ཆ།
ཡ་ (1)
Part of speech གྲོགས་ཚིག
Definition ཚིག་ཁ་ཤས་ཀྱི་སྔོན་དུ་སྦྱར་ན་དུས་ཚོད་སྔོན་མའམ་གོང་མ་སྟོན་བྱེད་ཀྱི་གྲོགས་ཚིག་ཅིག
Example ལོ་ཁ་ཤས་ཀྱི་ཡ་སྔོན་དུ་ཁོང་དང་མཇལ། ཡ་ཐོག་གི་བསྐལ་བ་རིང་མོ་ལྟ་བུ།
ཡ་ (1)
Part of speech འབོད་ཚིག
Definition འགྱོད་པའམ་ཡ་མཚན་པའི་ཉམས་སྟོན་བྱེད་ཀྱི་སྒྲ་ཚིག་ཅིག་སྟེ།
Example ཡ། ལས་ཀ་དེ་འགྲིག་མ་སོང། ཡ། གནས་ཚུལ་དེ་བདེན་པ་ཡིན་ནམ་ལྟ་བུ།