70211

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡ་ཐོག་རིང་མོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚེ་ལོ་དཔག་མེད་ནས་འགྲིབ་པའི་མགོ་བརྩམས་པ་ནས་གནས་བསྐལ་དུ་འཇོག དེ་ཡང་ཚེ་ལོ་བརྒྱད་ཁྲི་པ་ལ་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན། དེའི་དུས་ལ་རྫོགས་ལྡན་ཞེས་བྱ་སྟེ། ཚེ་དང་ལོངས་སྤྱོད་སོགས་ལྔ་ཆར་མ་སྙིགས་པར་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན། བཞི་ཁྲི་པ་ལ་གསེར་ཐུབ་བྱོན། དུས་དེ་ལ་གསུམ་ལྡན་ཞེས་བྱ་སྟེ། སེམས་ཅན་སོགས་གཞན་གསུམ་མ་སྙིགས་ཤིང་ཚེ་དང་ལོངས་སྤྱོད་ཅུང་ཟད་སྙིགས་པས་ན་གསུམ་ལྡན་དུ་བཞག དེ་ནས་ཉི་ཁྲི་པ་ལ་འོད་སྲུང་བྱོན། དེའི་དུས་སུ་ལོངས་སྤྱོད་སོགས་གཞན་གསུམ་སྙིགས་ཀྱང་སེམས་ཅན་དང་ཉོན་མོངས་པ་སྙིགས་མར་མ་སོང་བས་གཉིས་ལྡན་ཞེས་བྱ། རྩོད་དུས་ཚེ་ལོ་བརྒྱ་པ་སྙིགས་མ་ལྔ་བདོ་བའི་དུས་སུ། འོ་སྐོལ་གྱི་སྟོན་པ་བཀའ་དྲིན་ཅན་ཐུབ་པའི་དབང་པོ་བྱོན། དུས་འདིར་ཚེ་དང་ལོངས་སྤྱོད་ལྟ་བ་གསུམ་དུ་མ་ཟད་སེམས་ཅན་རྣམས་ཀྱི་རྒྱུད་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཤས་ཆེན་པོས་གང་བ་མང་བས་ན་སེམས་ཅན་ནི་དུས་སྙིགས་པ་ཡིན། ཉོན་མོངས་པ་རྣམས་ཀྱང་རགས་ཤིང་གདུག་རྩུབ་ཆེ་བས་ཉོན་མོངས་པ་ཡང་སྙིགས་མ་དང་ལྡན་པར་གྱུར་ཏེ་སྙིགས་མ་ལྔའི་དུས་ཞེས་བྱ། སྔར་སྨོས་པ་ལྟར་ཚེ་ལོ་དཔག་མེད་འགྲིབ་པ་ནས་བཟུང་ཚེ་ལོ་བཅུ་པའི་བར་ཡན་ལག་གནས་བསྐལ་དང་པོ་ཡ་ཐོག་རིང་མོ་ཞེས་བྱའོ་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཡ་ཐོག་རིང་མོ་

|; |@@@ | | }}