7024
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཇོ་ནང་། གཏུམ་པོའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་བདུན་པ་ཡིན། བརྗོད་བྱ་ནི། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཡབ་ཡུམ་གྱི་བསྐྱེད་རྫོགས་ཀྱི་དམིགས་རིམ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་དང་། ལས་ཀྱི་རྡོ་རྗེ་ཐང་ལོ་ཤིང་ལོ་པ། ཀརྞ་རི་པ་ཝ་ལ་ཙཎྜ་དང་། རས་ཆུང་སུམ་པ་རིན་རྒྱལ་གླིང་རྗེ་རས། རྫོང་རི་བི་པོ་སྒང་བ་དབུས་རི་བ། གསང་བདག་གྲུབ་ཆེན་སྤྲུལ་སྐུ་ཇོ་གདན་པ། གངས་ཁྲོད་པ་དང་མཁན་ཆེན་བྱང་ཆུབ་སེམས། སངས་རྒྱས་བཟང་པོ་གནས་གསར་གཞོན་ནུ་གྲུབ། ལྷུན་གྲུབ་རྡོ་རྗེ་རབ་གསལ་ཟླ་བ་མགོན། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གསང་བདག་གྲུབ་ཆེན་གྱི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
Domain | ཆོས་ལུགས། |
{{#arraymap:གཏུམ་པོའི་ཁྲིད་
|; |@@@ | | }}