70250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡ་བྲལ་ཉེས་པ་རྣམ་དྲུག་སྤང་པ་ (1)
Part of speech མིང་ཚིག
Definition བསྟེན་པ་མཚན་ལྡན་བླ་མ་མ་བྲལ་དགོས། ། དེ་དང་བྲལ་ན་ཐར་པའི་ལམ་མི་ཚུད། ། རང་རྒྱུད་བརྟན་པའི་དད་པ་མ་བྲལ་དགོས། ། དེ་དང་བྲལ་ན་ཆོས་ཉིད་ཡུལ་མི་ཕྱིན། ། ཉམས་ལེན་ཟབ་མོའི་གདམས་ངག་མ་བྲལ་དགོས། ། དེ་དང་བྲལ་ན་བྱང་ཆུབ་མྱུ་གུ་མེད། སྤྲོས་སྤྱོད་ཐོས་བསམ་ཤེས་རབ་མ་བྲལ་དགོས། ། དེ་དང་བྲལ་ན་ཐེ་ཚོམ་སྒྲོག་མི་ཁྲོལ། ། འདུག་ས་རི་དོགས་དབེན་པ་མ་བྲལ་དགོས། ། དེ་དང་བྲལ་ན་རྣམ་གཡེང་འདུ་འཛིས་འཁྱེར། ། བརྩོན་འགྲུས་སྙིང་རུས་དམ་བཅས་མ་བྲལ་དགོས། ། དེ་དང་བྲལ་ན་ཡོན་ཏན་ཐོབ་དུས་མེད། དེ་ཡིས་ཕྱིར་ན་ཡ་བྲལ་མ་སོང་གཅེས། ། ཞེས་སོ། །
Domain ཆོས་ལུགས།

{{#arraymap:ཡ་བྲལ་ཉེས་པ་རྣམ་དྲུག་སྤང་པ་

|; |@@@ | | }}