70320

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡ་རབས་ཀྱི་ཚུལ་མི་ཉམས་པའི་ཡན་ལག་བདུན་ (1)
Part of speech མིང་ཚིག
Definition ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་བྱུང་བ་སྟེ། དུས་དང་རྣམ་པ་ཐམས་ཅད་དུ་གཞན་གྱི་སྐྱོན་ལ་མི་བརྟག་ཅིང་ཉེས་པ་མི་བརྗོད་པ། རང་གི་ཡོན་ཏན་ལ་རློམ་སེམས་མི་བསྐྱེད་པ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྔོན་དུ་འགྲོ་བས་རང་སྲུང་བ། སྡོམ་པ་གསུམ་ལ་ནན་ཏན་དུ་སྤྱད་པ། ངོ་དགའ་དང་གསར་འགྲོགས་དང་མཐོ་ལྟག་སྤངས་ཏེ་རྟག་ཏུ་ཟུངས་ཐུབ་པར་གནས་པ། ཡུལ་དང་དུས་དང་གནས་སྐབས་ཀྱིས་གཞན་གྱི་རྒྱུད་ཚོད་ཤེས་པའི་སྒོ་ནས་སྤྱད་པར་བྱ་བ། གཞན་ལ་བརྙས་པ་སྤང་ཞིང་ཁྱད་གྱིས་མི་གསད་པར་བྱ་བའོ། །
Domain ཆོས་ལུགས།