7033
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། གཏུམ་མོ་ལམ་རྫོགས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཞེ་དྲུག་པ་ཡིན། བརྗོད་བྱ་ནི། སྐྱབས་སེམས་དང་། རྩ་འཁོར་སྒོམ་ཞིང་གཏུམ་མོ་སྦྱར་བས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་ཕབ་པས་བདེ་གསལ་མི་རྟོག་པའི་ཉམས་དགའ་བའི་བསྡུས་པའི་དགའ་བཞི་སོགས་དགའ་བ་བཅུ་དྲུག་གི་ལམ་སྒོམ་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་དང་ཕག་མོ་དྲིལ་བུ་པ། རུས་སྦལ་ཞབས་ཅན་འབང་འཛིན་ཀཧྞ་པ། བྲམ་ཟེ་དཔལ་འཛིན་ག་ཡ་དྷ་ར་དང་། འབྲོག་མི་ལོ་ཙཱ་སེ་སྟོན་ཀུན་རིག་དང་། ཞང་སྟོན་ཆོས་འབར་ས་སྐྱའི་གོང་མ་ལྔ། དཀོན་མཆོག་དཔལ་དང་ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་རྗེ། བུདྡྷ་ཤྲཱི་ངོར་ཆེན་ཀུན་དགའ་བཟང་། དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |