7034

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏུམ་མོ་སྦར་བ་ (1)
Part of speech མིང་ཚིག
Definition སྔགས། བླ་མེད། ལྟེ་བའི་རྩ་འཁོར་གྱི་དཀྱིལ་དུ་ཁྲག་གི་དྭངས་མ་ཟུར་གསུམ་ཞིག་ཡོད་པ་དེ་ལ་ལྟེ་བའི་གཏུམ་མོ་ཟེར་ཞིང་། འོག་སྒོ་བཙུམས་ནས་འོག་རླུང་ཡར་ཐེན་ལྟེ་བའི་རབ་དུ་སླེབས་པར་བསམ་པའི་རྗེས་ལ། ཁ་བཙུམས་ནས་སྣ་བུག་སྤྱི་བོའི་རྩ་འཁོར་བརྒྱུད་ནས་ལྟེ་བའི་བར་དུ་ཐད་ཀར་སླེབས་པར་བསམ་སྟེ་རླུང་སྟེང་འོག་ཁ་སྦྱོར་བཟུང་བའི་རྐྱེན་གྱིས་ལྟེ་བའི་ཁྲག་གི་དྭངས་མ་ལས་དྲོད་ཤིན་དུ་ཆེ་བ་མ་སྐྱེས་བར་དུ་བསྒོམ་པས་ནམ་ཞིག་ལ་ཁྲག་གི་དྭངས་མ་ལས་དྲོད་མེའི་ངར་ལ་ཚ་བ་སྐྱེས་པ་ཡིན་པས་ན་དེ་ལ་གཏུམ་མོ་སྦར་བ་ཟེར།
Domain ཆོས་ལུགས།