From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡང་ (1)
| Part of speech
|
ཕྲད་ཚིག
|
| Definition
|
མཐུན་པའི་ཚིག་རྒྱན་ལ་འཇུག་པ། གཞི་གཅིག་གི་སྟེང་དུ་མཐུན་པའི་ཆོས་གཉིས་སྦྱར་ཞིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ང་ན་མ་ར་རྣམས་ཀྱི་མཐར་ཡང་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
བང་ཡང་མྱུར་ལ་ཤ་ཡང་རྒྱས་ལྟ་བུ།
|
ཡང་ (2)
| Part of speech
|
ཕྲད་ཚིག
|
| Definition
|
མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ། གཞི་གཅིག་ལ་མི་མཐུན་པའི་ཆོས་གཉིས་སྡུད་ཅིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ང་ན་མ་ར་རྣམས་ཀྱི་མཐར་ཡང་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
བདེ་སྐྱིད་ཟེར་ཡང་སྡུག་བསྔལ་ཆེ་ལྟ་བུ།
|
ཡང་ (3)
| Part of speech
|
ཕྲད་ཚིག
|
| Definition
|
གང་ཞིག་སྡུད་བྱེད་ཀྱི་སྒྲ་དངོས་སུ་བཀོད་ནས། བརྗོད་འདོད་ཀྱི་དོན་གཞན་ཡང་ཡོད་པར་དངོས་ཤུགས་ཅི་རིགས་སུ་སྟོན་པ་སྟེ།
|
| Keyword
|
True
|
| Example
|
ཁོང་ནི་ང་ཚོའི་སློབ་སྤྱི་ཡང་ཡིན་ལ། རིག་གནས་སློབ་དཔོན་ཡང་ཡིན་ལྟ་བུ།
|
ཡང་ (4)
| Part of speech
|
ཕྲད་ཚིག
|
| Definition
|
བསྐྱར་ཟློས་ལ་འཇུག་པའི་ཕྲད་ཅིག་སྟེ། སྦྱོར་ཚུལ་རྗེས་འཇུག་གང་ལའང་ཁྱད་མེད་དུ་འཇུག།
|
| Keyword
|
True
|
| Example
|
དེ་ནས་ཡང་ལམ་ལ་ཆས་སོ། སླར་ཡང་གནས་འདིར་ཕེབས་པར་མཛོད་ལྟ་བུ།
|
ཡང་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ལྕི་བའི་ལྡོག་ཟླ་སྟེ།
|
| Example
|
ཤིང་བལ་ལྟར་ཡང་བ། ཁུར་པོ་ཡང་མོ་ལྟ་བུ།
|
| Antonyms
|
ལྕི།
|
ཡང་ (2)
| Part of speech
|
རྒྱན་ཚིག
|
| Definition
|
ཚད་ཆུང་བའམ་གྲངས་ཉུང་བ་སྟེ།
|
| Example
|
རྨས་ཡང་མོ། ནད་ཡང་བ། ལས་ཀ་ཧ་ཅང་ཡང་ཞེས་པ་ལྟ་བུ།
|
| Antonyms
|
ལྕི།
|