70370

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་ཀྱཱ་ཞབས་དྲུང་ངག་དབང་བློ་བཟང་ཚུལ་ཁྲིམས་ཕུན་ཚོགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ཕྱི་ལོ ༡༨༧༥ ལོར་ཕྱག་རྡོ་ཐང་ཅུ་ཀྱཱ་སྡེ་བར་ཡབ་དྷརྨ་ཞེས་པའི་སྲས་སུ་འཁྲུངས། དགུང་ལོ་དྲུག་པར་སྐུ་འབུམ་རང་སྒར་དུ་གདན་སར་བཀོད། ཤིང་བཟའ་རྡོ་རྗེ་འཆང་ལས་བར་མ་རབ་བྱུང་གི་ཚུལ་ཁྲིམས་དང་ཚིགས་སྔ་མའི་སྡོམ་པ་མནོས། བཅུ་གསུམ་པར་ཁེ་ཤིག་ཐང་ཆོས་བཟང་སློབ་དཔོན་དུ་བསྟེན། དཔལ་ལྡན་བཤད་སྒྲུབ་གླིིང་གི་ཆོས་སྒོར་ཞུགས། ཚད་མ་སྡེ་བདུན་བཅས་ལ་སྦྱངས། དབུས་ཀྱི་སེར་བྱེས་གྲྭ་ཚང་ཆོས་སྒོར་ཞུགས། དབུ་ཕར་ཕྱིན་གཉིས་མཁས་པར་བསླབས། ཉེར་བཞི་པར་སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། ཉེར་ལྔ་པར་མཚོ་སྔོན་དཀའ་བཅུ་སྐལ་བཟང་ཆོས་གྲགས་ཀྱི་མདུན་ནས་བསྙེན་པར་རྫོགས། ཉེར་དྲུག་པ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་ཕྱི་ལོ ༡༩༠༠ ལོར་རྒྱུད་པ་མཁན་པོའི་ཁྲིར་བཞུགས། འདས་ལོ་མི་གསལ། སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་དོན་བཞི་པ་ཡིན།