70371
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱག་རྡོ་ཐང་གི་ཡང་ཀྱཱ་སྡེ་བར་འཁྲུངས། འཁྲུངས་ལོ་མི་གསལ། ཆུང་དུས་ནས་རབ་ཏུ་བྱུང་། ཆོས་སྡེ་སྐུ་འབུམ་དུ་འདོན་ཆོས་སྤྱོད་སོགས་ལ་ལེགས་པར་སྦྱངས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། ཚད་མ་རྣམ་འགྲེལ་བར་སློབ་གཉེར་མཛད། དབུས་ཀྱི་སེར་བྱེས་གྲྭ་ཚང་ནས་བཀའ་པོད་ཕྱི་མ་བཞི་ལ་ཐོས་བརྩོན་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། སེ་ར་ཆོས་དར་སྙན་གྲགས་རྒྱས། སྐྱབས་མགོན་རྒྱལ་བ་ཡབ་སྲས་དང་། རྭ་སྒྲེང་ཁྲི་ཆེན་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་སོགས་དམ་པ་དུ་མ་ལས་དབང་རྗེས་གནང་བཤད་ཁྲིད་ལུང་རྒྱུན་སོགས་གསན། རང་ཡུལ་དུ་ཕེབས། བྱ་ཁྱུང་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་བཤད་གྲྭ་དུ་མར་བྱོན། གཞུང་བཀའ་པོད་ལྔའི་དམ་བཅའ་བཞག། རབ་བྱུང་བཅུ་བཞི་པའི་མེ་ལུག་ཕྱི་ལོ ༡༨༤༧ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། འདས་ལོ་མི་གསལ། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་སོ་ལྔ་པ་ཡིན། |