70375
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་ཀཿཐོག་བླ་རབས་སྐྱབས་ཀྱི་འཆད་ཉན་མཁན་རབས་བཞི་པ་སྟེ། རྗེ་བཙུན་ཆེན་པོ་དཔལ་འབར་བ་སོགས་ལས་ཆོས་ཀྱི་བདུད་རྩི་ཚིམ་པར་གསོལ། ཀུན་མཁྱེན་དམ་པ་ཡབ་སྲས་ཀྱི་ཕྱག་བཞེས་བཞིན་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་སྔགས་བཅས་ཀྱི་སྡོམ་དང་དམ་ཚིག་ལ་གཅེས་སྤྲས་དང་ཉམས་བཞེས་མཛད། ལྟ་སྒོམ་སྤྱོད་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས། གདན་སར་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་འཛུགས་པས་དབེན་པའི་རི་སུལ་ཀུན་ཏུ་སྐྱིལ་སྤྱིལ་བུ་དང༌། ཀུ་སུ་ལུ་མང་པོའི་སྒྲུབ་པའི་སྡེ་ཆེན་པོས་ས་སྟེང་ཀུན་ཏུ་ཁྱབ་པར་མཛད་དོ། ། |