70376

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་གཅེས་གསང་བ་སྲིད་གསུམ་ཟིལ་ནོན་ཆེན་པོ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་དྲག་པོའི་སྒྲུབ་ཐབས་ལས། ཡང་གཅེས་གསང་བ་སྲིད་གསུམ་ཟིལ་ནོན་ཆེན་པོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། གུ་རུའི་ཐུགས་བཅུད་སྲིད་གསུམ་ཟིལ་ནོན་དྲག་པོའི་བསྒྲུབ་པ༔ བདག་འདྲ་མཁར་ཆེན་བཟས་བཀོད་པའོ༔ ༔གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། བླ་མ་དྲག་པོའི་སྒྲུབ་ཐབས་ཀུན་གྱི་ནང་ནས་ཡང་གཅེས་སྲིད་གསུམ་ཟིལ་ནོན་ཇི་ལྟར་བསྒྲུབ་པའི་ཆོ་གའི་རིམ་པ་བསྟན།