70380
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་མགྲིན་གསང་བ་འདུས་ལས། ཡང་གསང་ཁྲོས་པའི་སྒྲུབ་མཆོད་ལེགས་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ལ་ཡག་མོན་མཁར་སྟེང་དུ་གུ་རུའི་གསུང་ལས༔ རྒྱལ་བ་མཆོག་དབྱངས་ཀྱིས་ཤོག་སེར་ལ་བྲིས་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོར་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། ཡི་དམ་གྱི་གཙོ་བོ་རྟ་མགྲིན་གྱི་སྒྲུབ་ཐབས་དཔག་ཏུ་མེད་པ་ལས། ཡང་གསང་ཁྲོས་པ་ཚིག་ཉུང་ལ་དོན་རྫོགས་པ། བྱ་སླ་ལ་དངོས་གྲུབ་མྱུར་བ་དེ་ཉིད་ཇི་ལྟར་བསྒྲུབ་པའི་ཚུལ་བསྟན། |