70381
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་མགྲིན་གསང་བའི་སྒྲུབ་སྐོར་ལས། ཡང་གསང་གནད་ཀྱི་སྒྲུབ་ཐབས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ལ༔ མཁའ་འགྲོ་སྡེ་ལྔའི་རང་སྲོག་ཕུལ༔ མཁར་ཆེན་བཟའ་ལ་པདྨ་ཡིས༔ བྱིན་རླབས་བཞུགས་ནས་རྗེས་སུ་གནང༔ མ་འོངས་འགྲོ་བའི་དོན་དགོངས་ནས༔ རིན་ཆེན་གཏེར་གྱི་གའུར་སྦས༔ ནམ་ཞིག་དུས་ཀྱི་སྙིགས་མ་ལ༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཏེར་ནས་དྲངས། འདིའི་ནང་དོན་ལ། སྦྱོར་བ་རྫས་བསག་པ་དང་། དངོས་གཞི་ཏིང་འཛིན་གཟེར་གྱིས་གདབ་པ། རྗེས་ལྟ་བའི་གྲུབ་མཐའ་གཟུང་བ་བཅས་གསུམ་གྱི་སྒོ་ནས་སློབ་དཔོན་ཆེན་པོའི་དགོངས་པའི་བཞེད་ཕུགས་ཟབ་པའི་གནད་རྟ་མགྲིན་གསང་བའི་སྒྲུབ་སྐོར་ལས་ཡང་གསང་གནད་ཀྱི་སྒྲུབ་ཐབས་བསྟན། |