70397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་ཏིག་ (1)
Part of speech མིང་ཚིག
Definition སྙིང་པོའི་སྙིང་པོ།
ཡང་ཏིག་ (2)
Part of speech མིང་ཚིག
Definition ཟབ་པའི་ཟབ་པ་སྟེ་རྙིང་མའི་ཆོས་སྐོར་ཞིག
Example ཡང་ཏིག་གཅེས་སྒྲོན་སོགས་གསན་ཞེས་པ་ལྟ་བུ།
Domain ཆོས་ལུགས།
ཡང་ཏིག་ (3)
Part of speech མིང་ཚིག
Definition ངེས་གཏན་ནམ་ཏན་ཏན་གྱི་དོན་ཏེ།
Example རིན་གོང་ཡང་ཏིག ཡང་ཏིག་ཡོད་དམ། ཡང་ཏིག་བསྒྲིག་རྒྱུ་ཕྲན་བུ་ཡོད། ཡང་ཏིག་ཕར་ཚུར་བསྒྲིག་ཅེས་པ་ལྟ་བུ།
ཡང་ཏིག་ (4)
Part of speech མིང་ཚིག
Definition མདོ་སྨད་ཤར་ཕྱོགས་ཡ་རྫི་ས་ཆར་་ཡོད་པའི་གྲུབ་པའི་གནས་ཆེན་ཞིག་སྟེ། དན་ཏིག་དང་ཁད་ཉེ་བའི་ས་ན་སློབ་དཔོན་པདྨ་འབྱུང་གནས་དང་། རྒྱལ་དབང་སྐུ་ཕྲེང་གསུམ་པ་རྒྱལ་བ་བསོད་ནམས་རྒྱ་མཚོ་ཕེབས་མྱོང་།