70404

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དག་ཀུན་རྫོབ་བདེན་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་རྫོབ་གང་ཞིག་སྣང་བ་ལྟར། དོན་བྱེད་ནུས་པའི་རིགས་སུ་གནས་པ་དེ་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། སྔོན་པོ་ལྟ་བུ་སྣང་བ་ལྟར་དོན་བྱེད་མི་ནུས་ཀྱང༌། དེ་ལྟར་ནུས་པའི་རིགས་སུ་གནས་པའི་ཕྱིར་ཏེ། སྔོན་པོ་དེ་སྣང་བ་ལྟར་དོན་བྱེད་མི་ནུས་ཀྱང༌། དེ་ལྟར་དོན་བྱེད་ནུས་པའི་དངོས་པོ་རྣམས་དང་རིགས་གཅིག་པ་ཡིན་པའི་ཕྱིར། སྔོན་པོ་དེས་སྣང་བ་ལྟར་དོན་བྱེད་མི་ནུས་ཏེ། སྔོན་འཛིན་དབང་མངོན་མི་འཁྲུལ་བ་མ་ཡིན་པའི་ཕྱིར་ཏེ། སྔོན་པོ་ཕྱི་རོལ་གྱི་དོན་མ་ཡིན་པའི་ཕྱིར། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག ། ནུས་པའི་ཕྱིར་དང་མི་ནུས་ཕྱིར། ཡང་དག་ཡང་དག་མིན་པ་ཉིད། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པའི་ཕྱིར། དེས་ན། སྒྱུ་མའི་དཔེ་བརྒྱད་དང༌། ཡོངས་གྲུབ་ལས་གཞན་པའི་དངོས་མེད་ཐམས་ཅད་ལོག་པའི་ཀུན་རྫོབ། དེ་རྣམས་ལས་གཞན་པའི་དངོས་པོ་ཐམས་ཅད་ནི་ཡང་དག་ཀུན་རྫོབ། དོན་དམ་པའི་བདེན་པ་ནི། ཡང་ལོག་གཉིས་གང་ཡང་མིན་ཏེ། དེ་ཀུན་རྫོབ་མ་ཡིན་པའི་ཕྱིར།
Domain [ཆོས་ལུགས།, ལྟ་གྲུབ།]